སློབ་ཁང་དུ
ཟིང་ཟིང་འུར་འུར་གྱིས་ཁེངས
ཚང་མ་དགའ་རྩེད་ལ་རོལ་ཞིང
སློབ་ཁང་དུ་བརྩེ་དུང་གིས་དྲི་ཞིམ་འཐུལ
འོན་ཀྱང
ངའི་འཇིག་རྟེན་ནི
འཇིགས་སུ་རུང་བའི་ལྷང་འཇགས་ཀྱིས་ཁེངས
འཇམ་ཐང་ངེར་འདུག
ཁ་ཡ་མེད་པ
དགྲ་བཞིན་སྡང་བའི་མིག་མདངས
ང་རང་གནས་ཚུལ་འདི་ལ་སྐྲག་གི
སུན་གི
འོན་ཀྱང
འདི་ལ་ལྡོག་ཐུབ་ཡོད་དམ
ཁ་བརྡ་མེད་པའི་ལོ་ཟླ་འདིར
ང་མཚན་མོ་གཉིད་མི་ཁུག་གི
ང་སྔ་མོ་ལངས་མི་ཐུབ་གི
ངའི་འཇིག་རྟེན་སྐྱོ་སྡུག་གིས་ཁེངས་ཤིང
ངའི་སྙིང་ཆུང་སེམས་སྡུག་གིས་བཀབ
ངའི་སེམས་པ་རྡོ་རུ་གྱུར་སོང
ཅིའི་ཕྱིར
དུས་ཚོད་ཀྱིས་རྐྱེན་གྱི་ཨེ་རེད
མི་སེམས་འགྱུར་སོང་བ་ཨེ་རེད
དངོས་གནས་མི་སེམས་རེ་རེར
སྐྱིད་སྡུག་གི་འཇིག་རྟེན་ཞིག་ཡོད་སྲིད
སློབ་གྲྭ་དེ
སྤྱི་ཚོགས་ཆུང་ཆུང་འདི་ལ་མཚོན་ན
ང་ནི་ལྷག་མ་ཞིག་རེད་སྙམ
网友评论