美文网首页
འཛམ་གླིང་གི་སྐྱོ་གར།

འཛམ་གླིང་གི་སྐྱོ་གར།

作者: SONAM0 | 来源:发表于2020-11-07 23:29 被阅读0次

    ཨ་རིའི་སྲིད་འཛིན་འོས་བསྡུ་ཆེན་མོ་འཚོགས་ནས་ཉིན་ཁ་ཤས་འགོར་ན་ཡང་ད་དུང་མཐའ་འབྲས་གསལ་བསྒྲགས་བྱ་ཐུབ་ཀྱི་མི་འདུག་པ་འདི་ཡིས་རྐྱེན་བྱས་ཏེ། དེང་སང་ཨ་རིའི་དམངས་གཙོའི་ལམ་ལུགས་ནི། དོན་དངོས་སུ་དྲང་བོའི་རྒྱ་མ་འཁྱོག་ཅིང་བདེན་པའི་སྒལ་ཚིགས་འཐོར་བའི་ཁེ་ཕན་རང་ལུགས་ཤིག་ཡིན་ཚུལ་གྱི་སྐོར་ནས་གསར་འགྱུར་སྣ་ཚོགས་ཀྱིས་གང་སར་ཁྱབ་བཞིན་འདུག འཛམ་གླིང་སྤྱི་བའི་མིག་དཔེར་ལྟ་སའི་ཨ་རི་ཚང་ཡང་དོན་ལ་རུལ་སུངས་ཀྱིས་གང་ཞིང་འདྲ་མཉམ་མིན་པའི་སྤྱི་ཚོགས་ཤིག་གོ་ཞེས་ཀྱང་ཁ་སྨྲས་གཏོང་མཁན་མང་བོ་འདུག སྤྱིར་ཡིན་ན་མང་ན་ཉིན་གཉིས་གསུམ་གྱི་དུས་ཡུན་ནང་འོས་གྲངས་ཀྱི་མཐའ་དོན་གསལ་བསྒྲགས་བྱ་ནུས་ནའང་། ད་ལོ་སྔར་དང་མི་འདྲ་བའི་དུས་ཚོད་མང་བོ་འགོར་འགྱངས་བྱས་པ་འདིས་ཀྱང་མི་མང་བོར་འོས་བསྡུའི་ལམ་ལུགས་འདི་དངོས་ཡོད་དང་དྲང་བདེན་གྱི་ལམ་ལ་འགྲོ་བཞིན་མེད་པའི་དོགས་པ་ཡང་གཅིག་རྗེས་གཉིས་མཐུད་ཟ་བཞིན་ཡོད་སྐད་དོ།། ང་ཚོས་ཨ་རི་ཚང་གི་འོས་བསྡུ་ཆེན་མོའི་དངོས་ཡོད་གནས་སྟངས་ག་འདྲ་ཡིན་མིན་ནི་ཤེས་ཐབས་བྲལ་བས། དེ་ལྟར་ཚོད་དཔག་གི་སྐད་ཆ་རེ་གཡུགས་ནས་འདུག་པ་ལས་ཅི་ཞིག་ནུས་སམ། རེད་དེ་གལ་སྲིད་ཨ་རི་ཚང་ཡང་དོན་དངོས་ཀྱི་དམངས་གཙོའི་ལམ་ལ་འགྲོ་ཐུབ་ཀྱི་མེད་པའི་གནས་སྟངས་དེ་བདེན་པ་ཡིན་ཚེ། ད་ནི་དམངས་གཙོའི་ལམ་ལུགས་ཞེས་པ་ཡང་དོན་གྱིས་མི་དྲག་དཔོན་ཆེན་ཚོའི་ཁེ་ཕན་སྒྲུབ་བྱེད་ཀྱི་ལག་ཆར་གྱུར་བ་མ་ཡིན་ནམ། འཛམ་གླིང་ས་ཆེན་གྱི་ཁྱོན་ཡངས་འདིར་དོན་དངོས་ཀྱི་དམངས་གཙོའི་ལམ་ལུགས་གཙིག་ཏུ་བཀུར་ཞིང་མིག་འབྲས་བཞིན་བསྲུང་བའི་རྒྱལ་ཁབ་གཅིག་ཀྱང་མེད་སོང་བ་མ་ཡིན་ནམ། ཕྱི་ཚུལ་ནས་དྲང་བདེན་དང་དྲ་མཉམ་གླེང་བར་དགའ་བའི་ཨ་རི་རྒྱལ་ཁབ་ལྟ་བུས་ཀྱང་གནད་འགགས་ཀི་སྐབས་སུ་འདི་ལྟར་ཡ་ང་བའི་རང་མཚང་མང་བོ་ཕྱི་རུ་མངོན་ཡོང་བ་འདི་ཇི་འདྲའི་འཇིགས་སུ་རུང་བ་ལ།

    相关文章

      网友评论

          本文标题:འཛམ་གླིང་གི་སྐྱོ་གར།

          本文链接:https://www.haomeiwen.com/subject/gtrcbktx.html