美文网首页
གདའ་ཕོག་པའི་རང་ཡིག།

གདའ་ཕོག་པའི་རང་ཡིག།

作者: 扎心平戳 | 来源:发表于2017-10-24 16:42 被阅读0次
    ཀ་ཁ་ག་ང།

    མུན་ནག་ཟིལ་ལོང་དུ་ཚུད་པའི་སེམས་གི་ཁང་ཆུང་ལ་ཚིག་རྩུབ་གྱིས་གྲི་ཆུང་ཞིག་སྣང་བ་སྣང་གསང་མེད་པར་ཕོག།

      ཉེན་གནས་ཀྱི་འཇིག་རྟེན་འདིར་མི་སུ་ཞིག་དགའ།  ཁེངས་དྲེགས། ང་རྒྱལ། སྒྱིད་ལུགས། སྤོབས་སེམས་བཅས་ཀྱི་མེ་འཁོར་ནང་བསྡད་ནས་དོན་ལྡན་གྱི་མི་ཚེ་ལ་དཕྱ་དམོད། མཐོང་ཆུང། འཁང་རྭ། སྨྲེ་ངག་བཅས་ཆུ་མོ་བཞིན་རྒྱུན་ཆད་མེད་པར་བཤད།  དེང་གི་རང་རིགས་ཚོ་རང་ཅག་ལོ་རྒྱུས་ཀྱི་ཆུ་བོ་སྐམས་དུས་ངུ་ཚིག་ཚིག་གི་རྣམ་འགྱུར་ཞིག་གི་ཕན་ནམ། རང་ཡིག་མི་ཤེས་གཞན་ཡིག་གློག་ཁྱུག་ཁྱུག་ངང་བཤད་དུས་སྙིང་མཁར་ཚབ་ཤར་ཞིག་མི་རྒྱག་གམ། འབད་རྩོན་གྱི་ཀློང་ནས་རེ་བའི་འོད་གདངས་རབ་རིབ་ཞིག་འཕྲོ་བའི་ད་ཟོད་ལ་ཁྱོད་ནི་སྒྱིད་ལུགས་གི་བོང་བུར་བཞོན་ནས་ཕམ་ཉེས་ཀྱི་རྒྱལ་སྒོའི་ངོས་སུ་དལ་བ་དལ་བུས་ཞུད། སྒྱིད་ལུགས་གི་ལམ་ཟུར་ནས་ཤེས་ཡོན་གྱི་རྒྱ་མཚོར་བཞུད་པའི་འགྱི་ལིང་རྟ་ཕོར་ཅིབ་པའི་ཕྱི་གླེང་པ་ཞིག་དང་འཕྲད། ཡིན་ཡང་ཁོ་བོས་ཕྱི་གླེང་པ་དེར་མིག་ལོག་ཞིག་བགྲད་དེ་མུ་ཐུད་ལམ་ལ་འཆས།

      ལོ་ཡི་བགྲང་ཆ་མང་དག་ཞིག་སོང་རྗེས་ཁོ་བོ་ནི་ལྷས་རྭའི་ཟུར་ན་གཉིད་ལ་ཡུར་ནས་འདུག། ཁོ་བོ་གདོངས་ལ་གཉེར་མས་འཁེངས་ཞིང་སྐྲ་ལོ་རལ་པས་ཀླུབས། ལུས་ལ་རས་གཡབ་ཞིག་གཡོགས་ནས་གདར་སིག་སིག་ངང་ནས་འདུག།  དེ་བས་ཁོ་བོ་ནི་ལས་མེད་ཤི་སྒུག་བརྒྱབ་མཁན་གྱི་སྨྱོན་པ་ཞིག་དང་གཉིས་སུ་མ་མཆིས། རེ་ཞིག་ལ་ཁོ་བོས་གཉིད་ལབ་ཡང་མང་པོ་བཤོད་ཀྱི། དེ་ན་ཅང་མ་འགོར་བར་ལམ་ཟུར་ན་འགའ་ཞིག་གི་སྦག་སྦག་བཞོན་པ་དང་ལ་ལས་རླངས་འཁོར་གཏོང་བ་བཅས་བྱེད་ཀྱི་འདུག། ཡིན་ཡང་ཁོ་བོ་ནི་སྔ་བཞིན་བོང་བུ་བཞོན་ནས་ཀྱག་ཀྱོག་ངང་ནས་ཞུད།

    ལོ་མང་སོང་བའི་ད་ཟོད་ལ་ཁོ་བོ་ལུས་སྒུར། གདོངས་གཉེར་མས་ཚོས། མགོ་སྐྲ་དཀར་འཁེངས་ལག་ན་འཁར་བ་ཞིག་འཁྱེར་ནས་གནས། ཧ་ལམ་ཉིན་འགའ་ནས་འཆི་བར་ཉེན་པའི་ལུས་ན་ཚ་ཅན།

    ཨ་ཁ་ཁ། ཁོ་བོའི་འདས་ཆོས་ལ་མི་སུ་ཞིག་གི་སྣང་ཆེན་བྱེད་དམ།།།

    ཁོ་བོ་མིང་ལ་རང་ཅག་བོད་པའོ།།།།།

    相关文章

      网友评论

          本文标题:གདའ་ཕོག་པའི་རང་ཡིག།

          本文链接:https://www.haomeiwen.com/subject/phlxpxtx.html