དུག་མདའ་བས།
སྤྱི་བཏང་ཚེ་རིང་ཆོས་ཉིད་ཅེས་པའི་གླུ་མ་དེའི་དབྱངས་དང
ཁོ་བོའི་སེམས་ཀྱི་ཚོར་བྱུང་ལ་ཡེ་ནས་འབྲེལ་བ་མེད
རེད་དེ
གོ་ཚོད་ལྟར་ན
དགའ་སྡུག་གི་འཚོ་བའི་ཁྲོད་ནས་རང་གི་རྐང་ཐོག་ཏུ་བཞེངས་པའི་གླུ་མ་ཞིག་གི་གླུ་སྐད་ཆད་སོང
གླུ་དབྱངས་ཀྱི་སྒྱུ་སྩལ་ལ་གོམ་ཁ་མདུན་དུ་ཕྱོགས་པའི
ན་གཞོན་མ་ཞིག་གི་ཚེ་ཡི་དར་སྐུད་ཆད་སོང
འཇིག་རྟེན་ནས་རྙེད་པའི་བརྩེ་འཛུམ་དངའབྱུང་གྱུར་གྱི་ཤེས་བྱ
ཡོད་ཚད་ནས་ཡོད་ཚད་མེད་སོང
ཨ་ཁ་ལྷག་བསམ་རྒྱལ་ཅེས་པའི་ཕོ་གསར་ཞིག་གིས
མ་བསམ་ནས་དོན་གཉིས་ཀྱི་ཆགས་སྒོ་རག་སོང
ངོ་མ་སེམས་ཕོམ་པོ་རེད
ཡིད་སྐྱོ་མོ་རེད
མྱ་ངན་ཞུ
སྨོན་ལམ་རྒྱག
དུག་མདའ་བས་ངལ་གསོའི་དུས་སུ་སྦྱར།།།
网友评论