美文网首页
ཁོ་བོའི་མགོ་ཐོག་གི་ཉི་མ་སེར་པོ།

ཁོ་བོའི་མགོ་ཐོག་གི་ཉི་མ་སེར་པོ།

作者: SONAM0 | 来源:发表于2020-12-05 23:51 被阅读0次

    དེ་རིང་ཕ་མ་གཉིས་བདག་ལ་སྐོར་རྒྱག་ཏུ་སླེབས་བྱུང་། ཁོང་གཉིས་ཀྱིས་ཕ་ཡུལ་གྱི་སྐམ་ཤ་དག་མ་དང་། འབྲུ་མོའི་འོ་མ། བཅུད་ལྡན་གྱི་མར་དཀར་སོགས་ཁྱེར་ནས་སླེབས་བྱུང་། ཕ་མ་གཉིས་ཀྱིས་ཐེངས་གཅིག་མིན་པར་ཚེ་གང་ལ་འདི་ལྟར་བུ་ངའི་ཆེད་དུ་ཟས་གང་ཞིམ་འཁྱེར་ནས་ཡོང་བཞིན་ཡོད། གཞན་ལྟ་ཅི་སྟེ། འདི་ཙམ་གྱིས་ཆ་ནས་བསམས་ཀྱང་ཡབ་ཡུམ་གཉིས་ཀྱི་སྐུ་དྲིན་ནི་རྫོགས་མཐའ་བྲལ། ཁོང་རྣམ་པའི་བཀའ་དྲིན་ལ་ང་ལ་རྒྱུན་ཆད་མེད་པར་ཟས་གང་ཞིམ་གྱི་མཚོ་མོ་འཁྱིལ་བཞིན་ཡོད། འོན་ཏེ་རང་ངོས་ནས་ད་དུང་ཁོང་གཉིས་ལ་ཕྱིར་དྲིན་བཟོ་ཡག་པོ་ཞིག་ཀྱང་བྱ་ཐུབ་མེད། ཐ་ན་ཁོང་གཉིས་ཀྱི་རེ་བ་ལྟར་དུ་སློབ་གཉེར་ལ་སྦྱངས་བརྩོན་བྱེད་པའི་ལས་དེ་ཡང་མ་འཇོན་པར་རང་དགའ་དུས་འདའ་བཞིན་པའི་ངང་ཚུལ་འདི་བསམ་ན་ཁོ་བོ་ནི་མི་བུ་ཁྲེལ་བློ་མེད་ཅིང་དྲིན་ལ་དྲིན་དུ་མི་ཤེས་པའི་རིགས་དེ་ཡིན་པ་འདྲ།  ཡིན་ཡང་དྲིན་བཟོ་ལ་མི་ལྟ་ཞིང་ལན་ལ་མི་རེ་བར་བུ་ཕྲུག་ངའི་ཆེད་དུ་རང་གི་ཡོད་ཚད་འབུལ་བཞིན་པའི་ཕ་མ་གཉིས་ནི་བུ་ངའི་མགོ་ཐོག་གི་ཉི་མ་སེར་པོ་ཡིན་ལ། དེ་ཡི་མཐའ་མེད་པའི་བརྩེ་བའི་འོད་སྣང་གིས་རང་གི་འཚོ་བར་དྲིལ་ཁོལ་སྦྱིན་བཞིན་པའོ།། མ་ཟད་ཡབ་ཡུམ་ནི་ལས་དབང་གནམ་གྱི་རྒྱལ་མོས་བདག་ལ་གནངས་པའི་ཡིད་བཞིན་ནོར་བུ་དེ་ཡང་ཡིན་པས། རང་ལ་དགོས་འདོད་ཐམས་ཅད་ཆར་དུ་སྙིལ་བཞིན་ཡོད།

    相关文章

      网友评论

          本文标题:ཁོ་བོའི་མགོ་ཐོག་གི་ཉི་མ་སེར་པོ།

          本文链接:https://www.haomeiwen.com/subject/bfinwktx.html