美文网首页
ཕམ་ཉེས།

ཕམ་ཉེས།

作者: SONAM0 | 来源:发表于2020-12-28 00:00 被阅读0次

    དེ་སྔོན་བཤད་པའི་གྲོགས་པོ་ཞིག་ལ་དྲ་ཐོག་ནས་(ལོ་ལས་སུ་ཡི་)དུས་ཚོད་བསྒྲིགས་མ་ཅིག་ཉོས་པའི་གནས་ཚུལ་དེ་ཡང་བསྐྱར་ཐེངས་གཅིག་གླེང་དགོས་བྱུང་། དུས་ཚོད་ཀྱི་རྒྱུ་སྤུས་དང་ཁ་མདོག་སོགས་བཤད་རྒྱུ་མེད་ཀྱང་གནད་དོན་གཙོ་བོ་ནི་མིག་སྡེབ་ཅིག་ཡིན་པས་གྲོགས་པོའི་བློར་དེ་ཙམ་འབབ་ཀྱི་མི་འདུག དེ་བས་དེ་རིང་ཚོང་བདག་ལ་ཕྱིར་ཚོང་སློག་དགོས་པའི་རེ་བ་བཏོན་པ་ན། དང་ཐོག་འགྲིག་གི་རེད། ཕྱིར་སྐུར་ཤོག་ཟེར་མོད། དེ་ནས་ཁྱེད་ཀྱི་ས་གནས་ཨང་གྲངས་སྐུར་དང་ཞེས་ཕར་ཡིག་ངག་གང་རུང་ནས་བརྡ་མང་བོ་བཏང་ཡང་ཕྱིར་ལན་རྩད་ནས་མི་སྟེར། དེ་ནས་ཡང་དང་ཡང་དུ་ཁ་པར་བཏང་བ་དང་སྐད་བཞག་ནའང་ཨ་ལན་ཅི་ཡང་སྟེར་རྒྱུ་མི་འདུག དོན་གྱིས་ཕྱིར་ཚོང་སློག་བསམ་རྒྱུ་མེད་པས་ཡིན་ས་རེད། (淘宝)ཐོ་པའོ་ལྟ་བུའི་ནང་ནས་དངོས་ཟོག་ཉོས་ན་ཕྱིར་ཚོང་སློག་དགོས་པ་དང་གཏུག་གཤེར་བྱ་དགོས་པ་གང་ལ་ཐུག་ཀྱང་དྲ་ཐོག་གི་སྒྲིག་གཞི་ཤིན་ཏུ་དམ་པས་ལས་སླ་བོ་རང་ཡིན་མོད། སྐད་འཕྲིན་བརྒྱུད་ནས་ཉོས་པ་འདི་དག་ལ་མཚོན་ན་ཕ་རོལ་བོས་ཁ་ཡ་མ་བྱས་ཚེ། ཕྱིར་ཚོང་སློག་དགོས་པ་དང་གཏུག་གཤེར་བྱེད་སའི་གཏན་ཁེལ་རང་བཞིན་གྱི་དྲ་ཐོག་རྩ་འཛུགས་གང་ཡང་མེད་སྟབས། གནད་དོན་དེ་འདྲར་འཕྲད་ན་འུ་ཐུག་ཐབས་ཟད་ཀྱི་གནས་སུ་བསྐྱལ་ཡོང་། དེ་བས་ཁོ་བོས་ཀྱང་ཡར་གཏུགས་བྱེད་པ་དང་སྡུག་ཡུས་འདོན་ས་ཅི་ཡང་མ་རག་པར་ཕམ་ཉེས་ཁུར་ནས་བསྡད་ཡོད། རང་ཉིད་གཞན་གྱི་གཡོ་འོག་ཏུ་ཚུད་དང་ལག་ཆ་གྱུར་ནའང་། དེ་ནི་རང་ཉོས་རྡོ་ལོག་རང་ཡིན་པས་དེ་ལ་བྱ་ཐབས་མེད། རང་ཉིད་ཀྱིས་མ་འཇོན་པ་རེད། འོན་ཀྱང་དུས་ཚོད་ནི་གྲོགས་པོར་ཉོས་པ་ཡིན་པས་གྲོགས་པོའི་འདོད་བློ་ཚིམས་པ་ཞིག་མ་ཡོང་བའི་སྟེང་ལ་ཕམ་ཉེས་དང་གྱོང་གུད་ཏོག་ཙམ་ཁུར་དགོས་སོང་སྙམ་ན་སེམས་ནས་མི་བཟོད་དོ།། མི་སྐྱིད་དོ།། ད་ནི་ཅི་བྱ། གཞན་ལ་གྲོགས་བྱེད་པ་ངན་དུ་སོང་བའི་གནས་སྟངས་འདི་ལས་ལྷག་པའི་ཐབས་སྐྱོ་བ་ཞིག་གང་ན་ཡོད།

    相关文章

      网友评论

          本文标题:ཕམ་ཉེས།

          本文链接:https://www.haomeiwen.com/subject/bpaanktx.html