སྐད་དང་ཡི་གེ
————བྱུར་དཀར་གྱིས།
སྐད་ཡིག་ནི་མི་རིགས་ཤིག་གི་རིག་གནས་ཡིན། མི་རིགས་ཤིག་གི་བླ་སྲོག་འང་ཡིན། དེ་མིན་མི་དང་མིའི་བར་བསམ་བློ་བརྗེ་རེས་དང་། ཕན་ཚུན་འབྲེལ་འདྲེས་བྱེད་པའི་ལག་ཆ་གལ་ཆེན་ཞིག་ཀྱང་ཡིན་སྲིད་པས། ལག་ཆ་འདིར་བརྟེན་ནས་མི་རིགས་རང་གི་རིགས་གནས་གསར་བ་དང་གོམས་སྲོལ་གསར་བ་འཛུགས་སྐྲུན་བྱས་ནས། སྐད་དང་ཡི་གེའི་ཁྲོད་འཐུམས་པའི་མི་རིགས་རང་གི་ལོ་རྒྱུས་དང་རིག་གནས། བསམ་བློ། བློ་གྲོས་སོགས་ལ་སློབ་སྦྱོང་བྱོས་ནས། སྐད་དང་ཡི་གེའི་ཆོས་ཉིད་དང་ཁྱད་ཆོས་གཞིར་བ ཟུང་ནས། ཡང་དག་པའི་སྒོ་ནས་དེ་ཉིད་འཐུས་ཚང་དང་དར་རྒྱས་སུ་གཏོང་བ་ནི་ང་ཚོས་མི་རིགས་འདིའི་འོས་འགན་དང་ཕྱི་རབས་པས་འགན་བབས་ཀྱང་ཡིན་པ་སྨྲ་ག་ལ་དགོ།
མིང་དང་ཚིག བརྗོད་པ་ཐམས་ཅད་ཀྱི་གཞིར་གྱུར་བ་དང་སྐད་ཀྱི་སྒྲ་གདངས་དང་རྩ་མཚོན་བྱེད་དེ་ཡི་གེ་ནི་མི་རིགས་ཤིག་གི་བླ་སྲོག་དང་སྐྱེས་བུ་ཞིག་གི་འདས་མ་ད་གསུམ་གྱི་འཚོ་བའི་ནང་ངེས་བར་དུ་རེ་སྐུལ་མཛད་དགོས་སོ།།
网友评论