美文网首页
དྲི་མེད་སེམས་འཕྲིན།༢

དྲི་མེད་སེམས་འཕྲིན།༢

作者: 玛尚卟姆 | 来源:发表于2016-12-25 10:26 被阅读0次

            ཐོག་མར་ཁྱེད་ལ་བཀའ་དྲིན་ཆེ།ཁྱེད་རང་ངོ་ཤེས་པའི་ཟླ་ངོ་འདི་དག་ལ།ཁྱེད་ཀྱིས་ང་ལ་ཏན་ཏན་ཏིག་ཏིག་གི་བརྩེ་བ་གནང་བྱུང་།ཁྱེད་ཀྱིས་ང་ལ་ཧ་ཅང་གཟབ་ནན་ངང་མ་འོངས་པ་གླེང་བྱུང་།ང་ལ་གཏིང་ནས་སེམས་འགུལ་དང་གཡོ་འགུལ་ཡང་ཐེབས་ཡོད།ཡིན་ཡང་ཚང་མ་ན་གཞོན་རེད།གང་ཡང་གླེང་ཕོད་ལ་སྒྲུབ་ཀྱང་ཕོད་པའི་དུས་རེད།ཐོབ་པར་བརྩོན་ལ་འབྱིན་པར་ཡང་སླ།དེའི་ཕྱིར་མ་འོངས་ཀྱི་ཁྱོ་ཤུག་ཟེར་ན་ཧ་ཅང་ཁ་མཚོན་ཆོད་དཀའ་བའི་གནས་རེད།ལྷག་པར་དུ་ང་ལ་མཚོན་ན་ཧ་ཅང་ཁ་མཚོན་ཆོད་དཀའ་མོའི་གནས་རེད། གང་ལྟར་ཁྱེད་ནི་ངའི་ཆེས་གྲོགས་པོ་བཟང་ཤོས་ལ་འགྱུར་རྒྱུ་དེ་ང་ལ་ཧ་ཅང་རེ་བ་ཆེ།

           གྲོགས་པོ་ལགས།ད་སྐབས་ཀྱི་ང་ལ་མཚོན་ན་བརྩེ་དུང་གི་ཕྱིར་དུ་ཅི་ཡང་འབུལ་འདོད་མི་འདུག     དེ་ལྟར་ཟེར་ན་ཁྱེད་ལ་མི་འོས་པ་ཞིག་ཡིན་ཡང་།ང་ལ་མཁོ་བ་ནི་ལོ་རེ་གཉིས་ལ་ལྷིང་འཇགས་ངང་འཚོ་སྡོད་བྱས་ནས་འདུག་རྒྱུ་དེ་རེད།སྔོན་ཆད་ང་རང་མྱི་གཅིག་ལ་དགའ་མྱོངས་ཏེ།དགའ་བ་ཡང་ཧ་ཅང་ཛ་དྲག་ཡིན།བརྩེ་དུང་གི་ཕྱིར་དུ་གང་ཡང་གཏོང་ཕོད་ལ།སྔ་འདང་ཕྱི་འདང་ཟེར་བ་ཅི་ཡང་མེད།དྲན་གདུང་གི་ཕྱིར་དུ་སྐབས་ལ་རེར་ཉིན་མོའི་ཟས་དང་མཚོན་མོའི་གཉིད་ཀྱང་བརྗེད་ནི་ཡོད།ཡིན་ནའང་།ལས་དབང་ཟེར་བ་ཡེ་ནས་མེད་ཀི ང་ ཁོ་ལ་ཇི་ལྟར་དགའ་ན་ཁོ་ང་ལ་དེ་ལྟར་རྒྱང་གྱེས་བྱེད་ཀྱིན་ཡོད་པ་འདྲ་སྟེ།ངས་ཀྱང་སྲ་ལ་བྱས་ནས་ཐང་ལ་འཇོག་དུས།ཡང་ལྷོག་ལྷོག་ཏུ་སེམས་ནས་གདུ་བཞིན་འདུག་པ་འདྲ།དཔེར་ན་རྩོན་མ་ཞིག་ལ་མནར་གཅོད་བྱེད་ཀྱིན་ཡོད་པ་དང་ཨ་ན་མ་ན་རེད།སྤྱིར་མི་ནི་མ་གཞི་ནས་རང་ལ་མི་ཐོབ་པ་དེ་ཐོབ་འདོད་ཀྱི་རྔན་པ་ཆེ་དང་།ཐོབ་ཡོད་པ་དེ་ལ་གཅེས་སྤྲས་བྱེད་མི་ཤེས་པ་ཞིག་རེད།འོན་ཏེ་མི་ཡི་རང་གཤིས་རེད་འགྱུར་དུ་དཀའ་མོ་སྣང་།དེ་ལྟར་ཟེར་ན་ཁྱེད་ཀྱིས་ང་ལ་ཁོ་བོ་ད་རུང་རེ་སྒུག་བྱེད་ཀྱིན་ཡོད་དམ་ཟེར་ན་རྩ་བ་ནས་མིན་ཏེ།ཤི་བོ་འདས་ལོག་བྱུང་རྒྱུ་དཀའ་མོ་ཡིན་པའི་དཔེ་ནང་བཞིན་རེད།ཡིན་ན་ཡང་ཉམས་མྱོངས་དེ་ལས་ང་རང་ཧ་ཅང་འཚོར་ལོངས་བྱུང་ཡོད་པ་འདྲ།ཧི་ཧི་་་

           ནངས་མོ་ཁྱེད་ཀྱི་སྐྱེས་སྐར་རེད།སྤྱིར་ན་ཁྱེད་ལ་བཟང་ཞིག་བརྗོད་ན་འོས་པ་རེད།དེའི་ཕྱིར་ངས་ཀྱང་སེམས་གཏམ་རྣལ་མ་ཞིག་གི་སྒོ་གླེགས་རྡུང་སྐབས།བྲིས་ཀྱིན་བྲིས་ཀྱིན་ཅི་ཞིག་ལ་འགྱུར་སོང་ཆ་མ་འཚལ།ད་ཉག་གཏམ་མི་འབྲི།གང་ལྟར་ཚང་མ་ངའི་སེམས་གཏམ་ཡིན།

              མཐར་འཕྲིན་གྱི་གྲོགས།སེམས་ཀྱི་མི་ཡི་སྐྱེས་སྐར་ལ་བཀྲ་ཤིས་བདེ་ལེགས།ཁྱེད་ཀྱི་མདུན་ལྗོངས་ལ་འོད་ཟེར་འཕྲོས་པར་ཤོག

    2016/12/25,4:38(སྐྱ་རེངས་དང་མཉམ་དུ)

    相关文章

      网友评论

          本文标题:དྲི་མེད་སེམས་འཕྲིན།༢

          本文链接:https://www.haomeiwen.com/subject/bqwrvttx.html