美文网首页
ཚིག་འཕྲུལ་ཙམ་ལ་ཞེན་ཁ་ཆེ་བའི་ཁོ་བ

ཚིག་འཕྲུལ་ཙམ་ལ་ཞེན་ཁ་ཆེ་བའི་ཁོ་བ

作者: SONAM0 | 来源:发表于2021-05-01 21:21 被阅读0次

    གནད་དོན་ཞིག་ལ་ཆོས་གྲྭ་ནས་རྩོད་པ་ལ་ཞུགས་སྐབས་ཅི་ནུས་ཀྱིས་གོ་དོན་ལ་མི་གཞོལ་བར་ཚིག་གི་རྩོད་པ་ཙམ་ལ་ཕྱོགས་འགྲོ་བའི་སྣང་ཚུལ་ཉམ་ང་བ་ཞིག་འབྱུང་བཞིན་པ་འདྲ། མུ་ནས་འདི་ལྟར་སོང་ན་ཆོས་རྩོད་པ་བྱེད་པ་དེ་ནི། ཆོས་གྲོགས་ཕན་ཚུན་དབར་ལ་གཞུང་དོན་ལ་དཔྱད་པའི་བློ་མིག་རྒྱས་ཐབས་དང་བསམ་བློ་བརྗེ་རེས་ཀྱི་ས་བོན་སྐྲུན་བྱེད་དུ་འགྲོ་བ་ཕར་ཟད། ཐ་ན་རང་གཞན་གཉིས་ཀྱི་དུས་ཚོད་བརླག་བྱེད་ཙམ་དང་སུན་སྣང་གི་རྒྱུ་འབའ་ཞིག་ཏུ་མི་འགྲོ་བའི་ངེས་པ་ཡང་ག་ལ་ཡོད། རང་ཉིད་ཀྱི་གོ་སྟོབས་ཞན་ཞིང་གཞུང་དོན་ཡག་པོ་མི་ལོན་པའི་འགལ་རྐྱེན་གཙོ་བོ་ཡང་ཚིག་འཕྲུལ་ཙམ་ལ་ཞེན་ཁ་ཆེ་བས་ལན་པ་སྨོས་མེད་ཡིན་སྟབས། སླད་མར་ཚིག་དོན་གཉིས་ལས་དོན་ཐོག་ལ་གཞོལ་ཅི་ཐབས་མ་བྱས་ཚེ། རད་ཉིད་སྦྱང་བྱའི་གཞུང་དང་ཁ་ཐག་རིང་དུ་སོང་སྟེ། ཆོས་བྲལ་ཆོས་ཀྱིས་མི་ཐུབ་པའི་གནས་སུ་ལྷུང་ཉེན་ཆེ་ན། ལམ་ཁ་དེར་ཅིས་ཀྱང་གཟབ་དགོས་འདུག

    相关文章

      网友评论

          本文标题:ཚིག་འཕྲུལ་ཙམ་ལ་ཞེན་ཁ་ཆེ་བའི་ཁོ་བ

          本文链接:https://www.haomeiwen.com/subject/bwrzrltx.html