སྤྱིར་ཡིན་ན་དོ་དགོང་ཡང་“ཤུགས་རྐྱེན་ནུས་སྟོབས་”ཞེས་པའི་དེབ་དེའི་རྩ་དོན་ལྔ་བའི་ཐད་ནས་མྱོང་ཚོར་ཆལ་ཆོལ་ཙམ་འབྲི་རྩིས་ཡོད་ཀྱང་། ད་ནི་དོན་ག་གེ་མོ་ཞིག་གི་དབང་གིས་དེ་ཡང་སང་ཉིན་བར་དུ་ཕྱིར་འགྱང་མི་བྱེད་ཐུ་མེད་དུ་གྱུར། ལན་རེར་རང་གི་འཆར་གཞི་ལྟར་དུ་དུས་ཚོད་བཀོད་སྒྲིག་གིས་མི་འདང་བ་དང་ཁོམ་ལོང་གིས་མི་ཡོང་བ་དེ་ཡང་མི་བུ་དཀྱུས་མ་ཞིག་ལ་འབྱུང་སྲིད་པའི་རྒྱུན་ལྡན་གྱི་སྣང་ཚུལ་རང་ཡིན་འདུག་ན། དེ་ལ་མི་དགའ་བའི་རྣམ་འགྱུར་དང་འགྱོད་སེམས་ཀྱི་འཁུན་སྒྲ་ཡང་སྒྲོག་དགོས་དོན་ཅི་ཡང་མི་འདུག ཡོད་ཚད་ཆེས་བཟང་གོ་སྒྲིག་ཡིན་པའི་ཀུན་སློང་སྔོན་དུ་བཏང་སྟེ། བྱ་དངོས་གང་ལ་གདོང་གཏད་དགོས་ཀྱང་ལ་དགའ་བཞིན་སྤྲོ་བཞིན་ཧུར་གྱིས་གཞོལ་གྱིན་ཡོད། དེ་ཡང་ཚེ་སྲོག་དང་འཚོ་བར་དོན་སྙིང་འཚོལ་སྟངས་ཀྱི་རྣམ་འགྱུར་གལ་ཆེན་ཞིག་ཏུ་བསྒོམས་ཡོད་ལ་སེམས་ཀྱི་འཛིན་སྟངས་དམིགས་བསལ་ཞིག་ཏུ་ཡང་ལྟ་བཞིན་ཡོད། མུ་ནས་ཅི་ལ་འཕྲད་ཀྱང་གདོང་ལ་འཛུམ་གྱིས་ཁེངས་པར་ཤོག སེམས་སུ་སྤྲོ་དགས་བརྟས་པར་ཤོག བྱམས་བརྩེའི་དྲོད་ཀྱིས་ཟིན་པར་ཤོག བླ་མའི་ཐུགས་རྗེས་གཟིགས་པར་ཤོག
网友评论