美文网首页
ཧཧཧ་ཁ་ཚིག་ལ་ལ།

ཧཧཧ་ཁ་ཚིག་ལ་ལ།

作者: 紅塵中旳心 | 来源:发表于2018-04-18 19:56 被阅读0次

    འཇིག་རྟེན་མི་ཡི་ཡུལ་ལ།

    མི་རིགས་དུ་མ་འཛོམས་པ།

    ཟས་རིགས་སྣ་མང་འདུས་པ།

    འཇིག་རྟེན་སྣ་འཛོམས་སྤྲོ་སོང་།

    Hongchen@Zx

    ཚན་རིག་དྲྭ་རྒྱའི་དུས་ལ།

    མི་མགོ་དྲྭ་ལ་འཁོར་བ།

    མི་སེམས་བདེ་སྐྱིད་བརླག་པ།

    དྲྭ་བའི་དུས་འདི་སྙིང་རྗེ།

    བཟང་གསུམ་བཟང་གི་གཞོན་ནུ་ཁྱེད།

    བཟང་གསུམ་བཟང་གི་དུས་ལ་སྐྱེས།

    བཟང་གསུམ་བཟང་གི་བོད་ལུས་ཐོབ།

    བཟང་གསུམ་བཟང་གི་རྒྱུད་འཛིན་བཟང་།

    རོགས་གང་དགོས་ང་ལ་ལན་གཅིག་ལབ།

    རོགས་གཞན་ཕན་བསྒྲུབ་རྒྱུར་ང་རང་དགའ།

    རོགས་ཁྱེད་ལ་བྱུང་ན་དེ་བས་དགའ།

    རོགས་སེམས་པ་དགའ་ན་ངའང་སྐྱིད།

    意志的站姿

    བཀྲ་ཤིས་པའི་རྩོམ་རིག་གླིང་ཕྲན་ནང་།

    བཀྲ་ཤིས་པའི་ཀ་ཁའི་བདག་པོ་ཡོད།

    བཀྲ་ཤིས་པའི་གངས་རིའི་སྲོག་རྩ་འདི།

    བཀྲ་ཤིས་པའི་མི་ཡིས་སྐྱོང་བར་བྱ།

    ཨ་ལ་ལ་ཡི་ཕར་ནང་།

    ཨ་ལ་ལ་ཡི་ཚུར་ནང་།

    ཨ་ལ་ལ་ཡི་ཟུར་ནས།

    ཨ་ལ་ལ་ཡི་བདེ་བསྐྲུན།

    ཕ་སྐད་དུང།

    ཚོགས་གཙོ་འབྲུག་རྒྱལ་པར་གྱིས།

    བདེ་ལྡན་སྤྲོ་སྐྱིད་མཚོན་པ།

    ཚོགས་པ་ཡར་ངོར་འཕེལ་བ།

    གཞན་ཕན་སེམས་ཀྱིས་སྐྱོབས་ཡོང་།

    ཁྱེད་ལ་སུན་པ་མེད་ན།

    ངའི་རྩོམ་ཟད་མཐའ་མི་འདུག

    སྐྱིད་པའི་རྩོམ་རིག་གླིང་ནས།

    མཉམ་འགྲོ་མཉམ་འདུག་བྱེད་ཆོག

    ཨེ་མ་སེམས་ཀྱི་ཁ་ཕྱོགས།

    གངས་རིའི་ལྗོངས་ལ་བཅིངས་ནས།

    ཁྱེད་དང་ང་ཡི་བརྩེ་བ།

    གངས་རིའི་ལྗོངས་ལ་བཙུགས་ཆོག

    འཛོམས་པའི་དུས་བཟང་འདི་ལ།

    རྩོམ་གྱི་བདུད་རྩི་འཐུང་ནས།

    མ་འོངས་སྐྱིད་པའི་ཉི་ཟེར།

    མཉམ་བསུ་བྱས་ན་བཟང་སོང་།


    ང་དང་ཁྱེད་ཀྱི་ལེ་དབར།

    ཁྲི་མ་འབུམ་གྱི་བར་ཐག

    སེམས་དང་བསམ་པ་མཐུན་པས།

    རྩོམ་རིག་གླིང་ལ་འཛོམས་སོང་།

    སེམས་ཀྱི་རིག་གླིང་ཁང།

    ཕར་ལ་རྩོམ་གཅིག་བསྐུར་བས།

    ཚུར་ལ་ལན་གཅིག་གཟིགས་ན།

    སྐྱེས་ཆུང་སེམས་ཀྱི་འདུན་པ།

    རང་བྱུང་ངང་ནས་སེལ་སོང་།

    དད་སེམས་ཅན།

    གངས་ཅན་བོད་ཀྱི་ཡུལ་ནས།

    ཚན་རྩལ་མ་དར་མ་རེད།

    འགྲོ་དྲུག་ཞི་བདེར་འཁོད་ཕྱིར།

    བྱང་ཆུབ་སེམས་པ་སྒོམ་རེད།

    ལས་དང་སྐལ་བ་བཟང་པོས།

    གནས་འདི་འཛོམས་པར་བྱུང་སོང་།

    ད་དུང་ལས་འཕྲོ་ཡོད་ན།

    ཡང་བསྐྱར་འཛོམས་པའི་སྨོན་འདུན།

    མ་འོངས་ཇི་ལྟར་འགྱུར་རུང་།

    རང་སྲོག་རང་གིས་སྐྱོབ་དགོས།

    ལ་རྒྱ་ཟེར་ན་དེ་རེད།

    རྒྱལ་ཁ་ཟེར་ན་དེ་རེད།

    སེམས་པ་གཙང་མ།

    རེ་བ་ཅན་གྱི་ན་གཞོན་དང་།

    རུས་པ་ཅན་གྱི་མཁས་པ་གཉིས།

    ལ་རྒྱ་ཅན་གྱི་སྐྱེས་མཆོག་གསུམ།

    འཛོམས་ན་བསམ་དཀན་འགྲུབ་པ་ཡིན།

    ཡིད་མ་སྐྱོ་མ་སྐྱོ་འབྲུག་ཕྲུག་ཁྱོད།

    ངེད་ན་གཞོན་ང་ཚོ་མཉམ་དུ་རུ།

    འབད་འབུངས་པ་བྱེད་ན་མ་འོངས་བསུ།

    སེམས་དགའ་མོ་ཟེར་ན་དེ་འདྲ་རེད།

    མཐོ་བོད་གངས་རི་དཀར་པོ།

    སེམས་པ་སྐྱོ་སྐྱོ་མ་གནང་།

    ན་གཞོན་ཡར་བརྩོན་ང་ཚོས།

    ཁྱེད་ཀྱི་འདུན་པ་བསྒྲུབ་ཡོང་།

    ན་གཞོན་ཕར་ཐོན་ཡོད་ན།

    གངས་ཅན་བོད་ཀྱི་རེ་བ།

    མ་འགྱངས་དུས་ཐུང་རིང་ལ།

    འགྲུབ་པའི་རེ་བ་ལོས་ལྡན།

    ཁྱེད་ཤུགས་ལན་གཅིག་རྒྱོབ་དང་།

    ངས་ཤུགས་ལན་བརྒྱར་རྒྱོབ་ཆོག།

    ཁྱེད་ཤུགས་ཟད་མཐའ་མེད་ན།

    ངས་ཤུགས་རྫོགས་པ་མི་འདུག

    རྨི་ལམ་དམར་པོ།

    ང་ལ་ཡོད་པ་སེམས་ཡིན་།།

    སེམས་ལ་ཡོད་པ་ཁྱོད་ཡིན་།།

    སེམས་དང་བསམ་པའི་བར་ནས་།།

    བརྗེད་ཐབ་མེད་པ་ཁྱོད་ཡིན་།།

               

                      ཨཌགོང།

    相关文章

      网友评论

          本文标题:ཧཧཧ་ཁ་ཚིག་ལ་ལ།

          本文链接:https://www.haomeiwen.com/subject/cgybkftx.html