美文网首页
གཞན་ངོ་མི་བསྲུང་བའི་སྤོབས་པ།

གཞན་ངོ་མི་བསྲུང་བའི་སྤོབས་པ།

作者: SONAM0 | 来源:发表于2021-01-08 22:27 被阅读0次

    ཚན་པ་དྲུག་པ།

    རང་ཉིད་མཆོག་ཏུ་རྫུ་བའི་བྱེད་ཐབས་གཞན་ཞིག་གི་ནི། སྔོན་འདས་པའི་དུས་སུ་རང་ཉིད་ཀྱིས་ཅི་ཞིག་འཇོན་རབས་དང་གོ་གནས་སམ་དབང་ཆ་གང་ཞིག་བཟུང་རབས་གླེང་ཏེ། འདས་དོན་གྱིས་ངོམ་སོ་བྱེད་རྒྱུར་དགའ་བ་དེ་ཡིན། དེ་ཡང་མིག་སྔར་གྱི་རང་ཉིད་ལ་རེ་ཐག་ཆད་པའི་ཟུར་ངོས་གཞན་ཞིག་ཡིན། ད་དུང་ཡིན་མདོག་སྟོན་ཐབས་ཡ་མཚར་བ་ཞིག་ནི། ང་རྒྱལ་ཁེངས་དྲེགས་ཀྱིས་བཟི་ཡོད་པ་དེ་རེད། དེབ་འདིའི་རྩོམ་པ་པོས་བཤད་ན། ང་རྒྱལ་ཆེ་བ་དེ། དོན་ལ་རང་ཉིད་ལ་རེ་ཐག་ཆད་ཅིང་ཡིད་ཆེས་ཀྱིས་སྟོང་བའི་མངོན་སྟངས་གཞན་ཞིག་ཡིན་པར་བརྗོད། རྒྱུ་མཚན་གཞན་གྱི་མདུན་སར་ང་རྒྱལ་ཁེངས་དྲེགས་ངོམ་ཏེ། སྐད་ཆ་ཚོན་པོ་བཤད་པ་དེས། རང་ཉིད་ཕ་རོལ་བ་ལས་འཇོན་ཐང་ཆེ་ཞིང་ཤེས་ཚད་མཐོ་མདོག་བསྟན་པ་ཡིན་ཞིང་། དེ་ལྟར་བྱེད་དགོས་པའི་དམིགས་ཡུལ་ཡང་རང་ཉིད་གཞན་ངོར་མ་འདྲ་བ་དང་དམིགས་བསལ་བ་ཞིག་ཏུ་བཞེངས་རྒྱུའི་ཆེད་ཡིན། དེ་ཡང་མཐར་དེད་ན་མཚན་སྙན་ཐོབ་ཐབས་དང་གཞན་ངོ་འཚོ་ཐབས་ཙམ་ཡིན་པས། དེ་དག་ཐམས་ཅད་རང་ངོས་ནས་རིན་ཐང་གི་འདུ་ཤེས་མ་རྙེད་པར་ཕྱིའི་རྣམ་པ་ཙམ་ལ་བརྟེན་དེ། རང་ཉིད་གལ་ཆེན་དུ་བཞེངས་ཐབས་དེའོ།། དེ་བས་ང་རྒྱལ་ཆེ་བ་དེ། རང་ལ་ཡིད་ཆེས་ཆུང་བའི་རྟགས་སུ་བཤད་པ་དེ་ནི། ཇི་འདྲའི་གནད་དུ་སྨིན་པ་ལའོ།། མདོར་ན་རང་ཉིད་མཆོག་ཏུ་རྫི་ཐབས་དེའི་རིགས་ནི། མི་མཐུན་ཕྱོགས་ཀྱི་མཆོག་འཛིན་རང་ཆགས་ཡོད་པས། འདི་ཉིད་ཇི་ཙམ་ཤུགས་དྲགས་ན་དེ་ཙམ་གྱིས་མཚན་སྙན་སོགས་ཕྱིའི་རྣམ་པ་ཙམ་ལ་ཆགས་ཏེ། མི་ཚེ་སླད་བཅོས་ཀྱིས་གང་བའི་སྒྱུ་མའི་འཇིག་རྟེན་ནས་དོན་མེད་དུ་འདའ་བ་ལས། དཀའ་སྤྱད་འབད་འབུངས་ཀྱིས་གནངས་བའི་དོན་ལྡན་གྱི་མི་ཚེའི་རིན་ཐང་ནི་ནམ་ཡང་ལོངས་སུ་སྤྱོད་ཐབས་བྲལ་ལོ།། དེའི་ཕྱིར་ན། ཆེས་འཇིགས་སུ་རུང་བའི་ཉེན་ཁའམ་གནད་དོན་གང་དག་ངོས་ཟིན་ཏེ། རྩ་བའི་སེམས་ཀྱི་འཛིན་སྟངས་མ་ནོར་བ་དང་ཁ་ཕྱོགས་མ་འཁྲུལ་ཞིག་ཡོད་རྒྱུ་དེ། གནད་ཀྱི་དོན་པོ་རང་མ་ཡིན་ནམ།

    相关文章

      网友评论

          本文标题:གཞན་ངོ་མི་བསྲུང་བའི་སྤོབས་པ།

          本文链接:https://www.haomeiwen.com/subject/cqdqaktx.html