美文网首页
སེམས་ཚོར།

སེམས་ཚོར།

作者: 用绿小草 | 来源:发表于2016-07-02 00:36 被阅读0次

                                                       དམར་ཁ་ཚ།

            ཞོགས་ཉི་མའི་གསེར་ཞལ་འོག་ནས་སྤང་ལྗང་ལོའི་པང་ཁུག་ཅིག་ནས།ཁྲ་འཆིལ་ལེའི་མེ་ཏོག་སྣ་བརྒྱའི་འཛུམ་མདངས་དང་མཉམ་དུ།དྲིན་ཕ་ལོའི་གསུང་སྐད་སྙན་མོ་རང་འགར་ཉན་ཆོག་ལ་དྲིན་མ་ལོའི་བརྩེ་བ་ལྷུག་མ་གང་འདོད་ཀྱི་རོལ་རུང་བ་མ་ཟད།ཡུལ་ཕུ་ནུས་ཧབ་ཆ་ཆེན་པོའི་རི་ལུང་ཁེངས་ཤིང་སྨན་མཛེས་མའི་དཀར་ལ་དམར་བའི་བཞིན་མདངས་དེས་ཅིག་ཅར་དུ་སྐྱེས་པ་སུ་ཞིག་འགུག་ནུས་ལྡན་པའི་སླད་མ་འདྲེས་པའི་སེམས་དཀར་པོ་འོ་མའི་མདངས་ཀྱི་ཨ་ཅག་ཚོགས་དང་།སྟག་ཤ་ར་ཤ་མདངས་སྨུག་ཅིང་རྩལ་དགུའི་ཁོ་ལག་རྫོགས་པ།རང་ཚུགས་མ་བོར་བ་དག་གིས་ཀུ་རེ་དང་དྲང་གཏམ་འདྲེས་མའི་སྐད་ཆེན་པོའི་དགོད་སྒྲ་དང་མཉམ་དུ་དེ་རིང་གི་ལས་ཀ་སྒྲུབ་ཞོར་སང་ཉིན་བསུ་སྟངས་ཅིག་གི་ཚ་རླབས་རྒོད་པོ་ཞིག་གིས་སོང་ན་ཆོག་པར་འདོད་ཡོད།

           ཡང་མིན་ན་ལྷིང་འཇགས་ཀྱི་མཚོ་ཁ་ཞིག་ནས་དགུང་སྐར་མའི་ཁྲབ་མོག་གདུག་ལྟར་འཕྱར་ཞིང་ཉ་གང་ཟླ་བའི་འཛུམ་ཞལ་དྭངས་མ་ཐད་ནས་འོད་འཁྱུག་སེ་སྒྲོན་ནས།གློག་འོད་འཇམ་པོ་ཞིག་གིས་ཕྱོགས་བཞི་གསལ་ཞིང་བརྩེ་བ་སླད་མེད་ཅིག་གིས་ཁྱིམ་གཞི་བསྲུང་བའི།གཅིག་སེམས་གཅིག་ལ་འདྲེས་པའི་གོ་ཁ་དྲོན་པོ་ཞིག་ན།བུ་བུ་མོས་བྱིས་སྒྲུང་ཚད་ལྡན་རེ་ཉོ་བར་རེ་བའི་རྣམ་པ་སྟོན་ལ་ཁྱོད་འུ་གཉིས་ཀྱིས་སེམས་པ་དགོད་ཞོར་སྒོར་མོ་བརླག་མཁན་གཉིས་རེད་ཟེར་བཞིན། བུ་བུ་མོའི་ལག་པ་ལག་ལ་བླང་ན་སེམས་ལ་ཟུག་པའི་ཚོར་བ་མྱུར་མོ་ཞིག་གིས་དཔེ་ཆ་ཉོ་རྒྱུ་ཡིན་པའི་གསང་བ་ཁོང་གཉིས་ཤར་སེ་རྟོགས་འགྲོ།

         ང་རྨི་ལམ་ལས་སད་པའམ་སྟོང་བསམ་གྱི་ཞིང་ཁམས་ནས་ཡུན་གྱིས་བུད་དུས།ངའི་ཕུགས་བསམ་ཀྱི་ལྗོན་པ་མཉེན་མོ་དེར་ཆར་ཆུ་དཀོན་པས་ཚ་བས་གདུང་ནས་རྙིད་ལ་ཉེ་ཞིང་སྐམ་ལ་ཡོད།ལོ་ཟླའི་འཁོར་སྐྱོད་གཙང་བོ་དང་འགྲོགས་ནས་དེ་རིང་ཕྱིར་ལྟས་ཤིག་བྱས་དུས།བྱིས་བློ་ནི་དྭངས་ཤིང་གཙང་ལ་དགའ་ཞིང་སྤྲོ་བའི་ཉིན་ཞག་འགའ་ཡིས་བཞུད་པ་དང་ཅིས་མི་མཚུངས།མི་ཚོགས་ཀྱི་གཙུབ་རྡར་ཁྲོད་ནས་མི་ཞིག་གཉིད་གི་མི་འཇུག་ལ་རང་བཞིན་འདུག་གི་ཡང་མི་འཇུག་པའི་བཞི་མདོ་རེ་རེ་བརྒལ་བའི་གོ་རིམ་ཁྲོད་ནས།སེམས་ཆུང་བྱིས་པ་ཞིག་ནར་མ་སོད་ཐབས་མེད་ཡིན་ཞིང་བགྲེས་པོ་མགོ་དཀར་ཞིག་ཡིན་ཡང་འཁར་བ་དང་མཉམ་དུ་མགྱོགས་མགྱོགས་བྱེད་དགོས་པས་ན་གཞོན་དར་མ་ཞིག་བཤད་མ་དགོས་པ་རེད།ཚང་ཁ་རྒོད་པོའི་ངར་ཤིག་གིས་གར་འགྲོ་གར་འདུག་གི་འཆར་གཞི་མཚམས་མཚམས་སུ་གཏོར་འགྲོ་ལ་ཕུགས་བསམ་གྱི་ལྗོན་པ་དང་སྟོང་བསམ་གྱི་འཁོར་ལོ་ཡང་ངང་གིས་བོར་འགྲོ་བའི་ཉི་མ་མི་ཉུང་བ་ཞིག་ཡོད།

    相关文章

      网友评论

          本文标题:སེམས་ཚོར།

          本文链接:https://www.haomeiwen.com/subject/dflqjttx.html