Generally , I have a lot of important people in my life. However,My parents and my teachers are the most important people in my life. Because,parents gives me life. teachers gives me wisdom. Nothing is more important than life and wisdom.
དེ་རིང་གི་ལས་བྱ་བོད་ཡིག་ཏུ་བསྒྱུར་ན།
{ སྤྱིར་བཏང་བདག་གི་མི་ཚེའི་ནང་དུ་གལ་ཆེ་བའི་མི་བུ་མང་བོ་ཡོད། ཆེས་གལ་ཆེ་བའི་མི་ནི་གང་ཡིན་ཟེར་ན། ཕ་མ་གཉིས་ལས་གཞན་དགེ་རྒན་རྣམ་པ་ཡིན་རྒྱུ་རེད། ཕ་མས་བདག་ལ་ཚེ་སྲོག་བསྩལ་ཅིང་དགེ་རྒན་གྱིས་བདག་ལ་བླང་དོར་འབྱེད་པའི་ཤེས་རབ་བསྩལ་བས་ཚེ་སྲོག་དང་ཤེས་རབ་གཉིས་ལས་གལ་ཆེ་བ་དང་རིན་ཐང་ཆེ་བའི་ཆོས་ཤིག་གང་ན་ཡོད། }
ཚེ་རབས་ཕྲེང་བར་འཇལ་དཀའ་བའི་བཀའ་དྲིན་དེ་དག་ངོ་ཤེས་པའི་སྒང་ནས་ཁོང་རྣམ་པས་རང་ལ་བཅངས་པའི་རེ་བ་སྟོང་ཟད་དུ་མི་གཏོང་རྒྱུ་དེ་ཡང་བརྩེ་ཆེན་ཨ་མས་གནངས་པའི་འགན་འཁྲི་དེ་ཡིན་པས། དེ་ནི་དམར་ཆུང་སྲོག་ལ་བབས་ཀྱང་ངེས་པར་ཐེག་དགོས་སོ།།
བོད་ཡིག་གི་ནང་དོན་དེ་དག་ཆ་ཚང་དབྱིག་ཡིག་གི་ལས་བྱའི་ནང་དུ་འབྲི་རྩིས་བྱས་མོད། གོང་གི་ཚེ་རབས་ཕྲེང་བར་ཞེས་པ་མད་ཆད་འབྲི་མ་ཤེས་པས་བསྐྱུར་བཞག དེའི་བར་དུ་འབྲི་བ་ལ་ཡང་དཀའ་ལས་མང་ཙམ་བརྒྱབ། མ་འོངས་པའི་དུས་ཤིག་ལ་བོད་ཡིག་ལམ་ནས་གང་བྲིས་པ་དེ་ཐད་ཀར་དབྱིག་ཡིག་ལ་བསྒྱུར་ཐུབ་པའི་རེ་སྨོན་དང་ཕུགས་བསམ་བླ་མེད་བཅང་བཞིན་ཡོད་པས། བསམ་དོན་བཞིན་འགྲུབ་པར་འབད་འབུངས་བྱ་ངེས་སོ།།
网友评论