美文网首页
དབྱིན་ཡིག་སྦྱང་ཐབས་མ་ནོར་བ།

དབྱིན་ཡིག་སྦྱང་ཐབས་མ་ནོར་བ།

作者: SONAM0 | 来源:发表于2021-03-04 00:07 被阅读0次

    དབྱིན་ཡིག་སྦྱངས་ན་དང་པོ་ཉིད་ནས་ཆེས་མཉམ་འཇོག་སྣང་དགོས་པའི་རྩ་དོན་གལ་ཆེན་ཞིག་ནི། དབྱིག་ཡིག་གི་མིང་ཚིག་མང་བོ་བློར་འཛིན་སྐབས་ཅིས་ཀྱང་ཚིག་འབྲུ་རེ་རེ་ཚེག་འདེད་བྱས་ཏེ་བློར་འཇུག་པ་ལས་སྤྱིའི་སྒྲ་དོན་ཙམ་བཟུང་སྟེ་ཡིད་ཚིམ་པར་མི་བྱ་བ་དེ་རེད། ཁོ་བོས་ཀྱང་སྔོན་ཆད་ཚེགས་དཀར་བསམ་སྟེ། ཚིག་འབྲུ་རེ་རེ་སྐྱོར་ནས་མ་བཟུང་བར་སྤྱིའི་སྒྲ་གདངས་དང་ཚིག་རིས་ཙམ་བཙན་ཐབས་ཀྱིས་བཟུང་བའི་ནག་ཉེས་ཀྱིས། ད་ལྟ་བློར་བཟུང་ཟིན་པའི་ཐ་སྙད་དག་ལ་འཕྲད་ཀྱང་ལམ་སང་ངོ་མི་ཤེས་པ་འདྲ་བའི་གནད་དོན་རྒྱུན་ལྡན་དུ་འབྱུང་ལ། དེ་ལས་ཀྱང་ཚབས་ཆེ་བ་ནི། ཚིག་གང་ཞིག་འབྲི་དགོས་པའི་སྐབས་ལ་སླེབས་ཚེ། ཚིག་མཛོད་ལ་སྐྱབས་སུ་མ་སོང་བར་རང་ངོས་ནས་དག་ཆ་ལྡན་པ་གཅིག་ཀྱང་འབྲི་མི་ནུས་པ་དེའོ།།  དེའི་སྟེང་ལ་ཐ་སྙད་རེ་རེ་ཚེག་འདེད་བྱས་ཏེ་མ་བཟུང་བའི་རྐྱེན་གྱིས་ཆུ་ལ་རི་མོ་བྲིས་པ་ལྟར་དུ་ལམ་སང་བརྗེད་སླ་བའི་གནད་དོན་འབྱུང་བཞིན་པ་ཡང་སྨོས་མེད་དོ།། དེ་བས་དངོས་གནས་དབྱིན་ཡིག་སྦྱང་འདོད་ན། དཀའ་ཚེགས་དང་ངལ་བར་མ་བསམ་པར་ཅིས་ཀྱང་ཐུབ་དགོས་པ་དེ། མིང་ཚིག་རྐང་གཅིག་བློར་འཇུག་ཀྱང་ཚིག་འབྲུ་རེ་རེ་ནས་དབྱིན་ཡིག་གི་གསལ་བྱེད་གང་དང་གིས་གྲུབ་ཡོད་པར་ངོས་འཛིན་གསལ་བོར་ཡོད་པ་གཞིར་བཞག་གི་ཐོག་ནས་མིང་ཚིག་བློ་འཛིན་ལ་འབད་རྒྱུ་དེ་རེད། མ་གཏོགས་ཚིག་རིས་སྤྱི་ཙམ་འཛིན་ཁུལ་གྱིས་སོང་ན། གནས་སྐབས་དཀའ་ངལ་ཆེན་པོ་མེད་ཀྱང་། ཆེས་དང་ལེན་བྱ་དཀའ་བ་དང་ཐབས་སྐྱོ་བའི་མཇུག་འབྲས་སྟེ། མིང་ཚིག་མང་བོ་བློར་བཅུགས་ཀྱང་དེབ་ངོས་ནས་གང་བློར་བཟུང་ཟིན་པ་དག་ཀྱང་ངོས་མ་ཟིན་ཞིང་འདོན་མི་ཤེས་པའི་གནད་དོན། འབྲི་བའི་སྐབས་ལ་སླེབས་ཚེ་ཡིག་ནོར་གྱིས་བཀང་ཡོང་བའི་གནད་དོན། བརྗེད་སླ་བའི་གནད་དོན་སོགས་ཉེས་སྐྱོན་ཟད་དུ་མེད་ཞིག་གིས་ཁྱེད་ལ་ནོངས་འགྱོད་དང་ཡིད་ཕམ་གྱིས་སྐྱོ་གར་ལྟ་བས་མི་བཟོད་པའི་བཤམས་ངེས་སོ།། སྐབས་དེར་དབྱིན་ཡིག་སྦྱོང་བརྡར་ལ་བཏང་བའི་དུས་ཚོད་དང་ངལ་བ་ཐམས་ཅད་དུ་འབྲས་མེད་དུ་སོང་བ་ཡིན་པས། དེ་འདྲའི་སྐྱོ་གར་འཁྲབ་པར་མི་འདོད་ན། སྔོན་མ་ནས་ལམ་ལོག་པར་འགྲོ་བར་གཟབ་དགོས་པ་དེའོ།།

    相关文章

      网友评论

          本文标题:དབྱིན་ཡིག་སྦྱང་ཐབས་མ་ནོར་བ།

          本文链接:https://www.haomeiwen.com/subject/fqlhqltx.html