美文网首页
གཞན་ངོ་མི་སྲུང་བའི་སྤོབས་པ།

གཞན་ངོ་མི་སྲུང་བའི་སྤོབས་པ།

作者: SONAM0 | 来源:发表于2021-01-14 23:57 被阅读0次

    ཚན་པ། བཅུ་བ།

    ང་ཚོ་གཞན་ངོ་བསྲུང་བར་དགའ་བ་དང་མཚན་སྙན་གྲགས་ལ་རེ་འདོད་ཆེ་བ་དེ་ཡང་མདོར་དེད་ན་གཞན་གྱི་རྩ་དོན་ལ་ལག་བསྲིངས་པར་དགའ་བས་ཡིན་ཞིང་། རང་གི་ཧམ་འདོད་ལྟར་མ་ཡོང་བའི་རྐྱེན་བྱས་ཏེ། སྡུག་བསྔལ་གྱི་རྒྱ་མཚོར་འཐིམ་བཞིན་ཡོད་པ་རེད། མི་འདོད་པའི་ཉེས་བྱས་འདི་དག་ཡོད་ཚད་ཀྱི་འབྱུང་རྩ་གཞན་ཞིག་ཡང་ལན་ལ་རེ་བའི་འཛིན་པ་ཤུགས་དྲགས་པོ་དེ་ལ་ཐུག་པར་བཤད།  ལན་ལ་རེ་འདོད་ཤུགས་ཆེ་བས་ཕྱི་ཚུལ་ནས་གཞན་ལ་ཕན་བཏགས་པ་དེའི་རྩ་བའི་ཀུན་སློང་ལ་ཡང་སྒེར་གྱི་ཁེ་ཕན་ཁོ་ན་སོང་ཡོད་པའང་སྨོས་མེད་དོ།། དེས་ན་ང་ཚོ་ཕལ་མོ་ཆེའི་བགྱི་བ་ཡོད་ཚད་ཚུར་ལ་གང་ཞིག་ཐོབ་འདོད་ཀྱི་ཆེད་དུ་ཡིན་པ་དང་ལན་ལ་རེ་བའི་ཀུན་སློང་གིས་མ་བསླད་པ་གཅིག་ཀྱང་མེད་པས། ནམ་ཡང་སྡུག་བསྔལ་ལས་ཐར་བའི་སྐལ་བ་ཞིག་ཡོད་རེ་སྐན། འོ་ན་ང་ཚོར་ཅི་ཞིག་ལན་ལ་རེ་བའི་བསམ་པ་ཤུགས་པོ་འབྱུང་བཞིན་པ་ཡོད་པ་རེད་ཅེ་ན། དེ་ནི་སྒེར་སེམས་དང་ཧམ་འདོད་ཆེ་བས་ལོས་ཡིན་མོད། དེ་ལས་ཀྱང་གཞི་རྩ་མཐར་ཐུག་པ་དེ། རྩ་དོན་དབྱེ་འབྱེད་ཀྱི་གནས་ལུགས་དང་རང་དོན་གཞན་དོན་གྱི་ཁྱད་པར་གསལ་བོར་ངོས་མ་ཟིན་པའམ།  དེའི་ཕྱོགས་ལ་གོ་རྟོགས་ཧ་ཅང་ཆུང་བས་ཡིན་པ་རེད། དཔེར་ན་གཞན་གྱིས་ཕྱིར་ཕན་ལན་འཇལ་མིན་དང་རོགས་དན་བྱ་མིན། བརྩེ་བ་སྟོན་མིན། བསྟོད་བསྔགས་བྱ་མིན་ཡོད་ཚད་གཞན་གྱི་རྩ་དོན་དང་གདམ་གསེས་ཉག་གཅིག་ལས་རང་ཉིད་ཀྱིས་དེ་ལ་རེ་ལྟོས་དང་། ཐེ་གཏོགས། ཚོད་འཛིན་སོགས་ཅི་ཡང་བྱ་མི་རིགས་པ་དང་། བྱ་མི་ནུས་པ། གལ་སྲིད་བྱས་པའི་ཁུལ་བྱས་ན། རྩ་དོན་མཉམ་བསྲེས་ཀྱི་རླུང་དམར་གཡུགས་ཏེ། རང་ཉིད་བྱ་སྤུ་བཞིན་དུ་སྡུག་བསྔལ་གྱི་ཁམས་ཆེན་མོར་ཚོད་མེད་དུ་འཁྱམ་དགོས་པ་མྱོང་ཐོག་ནས་ཧ་གོ་བ་ཡིན་ན། དེ་ནས་ལན་ལ་རེ་བའི་བསམ་པ་དེ་དང་། ཇུས་མེད་ཇུས་གཏོགས་ལ་དགའ་བའི་འདུ་ཤེས་ཡོད་ཚད་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་དུ་འགྲོ་ངེས་པ་རེད། ད་དུང་གསེད་བཀྲོལ་བྱ་དགོས་པ་ཞིག་ནི་དོན་དངོས་སུ་རང་ཉིད་ཀྱི་རྩ་དོན་ཡིན་མིན་ཇི་ལྟར་ངོས་འཛིན་དགོས་པ་དེ་རེད། དེ་ནི་བྱ་བའི་ལེགས་ཉེས་གང་ཡིན་ཞིག་ཡིན་ཡང་རུང་མཐའ་ཐུག་གི་མཇུག་འབྲས་རང་ཁོ་ནས་འཁུར་དགོས་པ་དང་རང་སྟེང་དུ་སྨིན་རྒྱུ་ཞིག་ལ་རང་ཉིད་ཀྱི་རྩ་དོན་དང་གཞན་སྟེང་ལ་སྨིན་དགོས་པ་ཞིག་ལ་གཞན་གྱི་རྩ་དོན་ཟེར་བས། གཞུང་ཐིག་འདི་ཉིད་མ་ནོར་བའི་སྒང་ནས་རང་ལམ་རང་གིས་ཟིན་པ་ཞིག་ཡོང་རྒྱུ་དེ་ནི། གནད་དམ་པའོ།།

    相关文章

      网友评论

          本文标题:གཞན་ངོ་མི་སྲུང་བའི་སྤོབས་པ།

          本文链接:https://www.haomeiwen.com/subject/fqqiaktx.html