美文网首页
2017-12-01

2017-12-01

作者: 睨视 | 来源:发表于2017-12-01 21:53 被阅读0次
2017-12-01

རང་སེམས་རང་གིས་བསྣད་པ།

ང་འདི་སྨྱོ་ཐང་གཅིག་གི།

མཐའ་མེད་གཡང་ལ་འཕུར་བས།།

གཡང་གི་སྤྲིན་པ་ཐར་ཐོར།།

གཏོར་ལ་སྟ་གོན་བསྐྲུན་བཞག།

གང་ལ་བློ་གཏད་བཅོལ་བ།།

ནམ་མཁའི་འཇའ་ཟིག་ཡིན་པ།།

ཉི་མ་ནོག་ནོག་འཆར་དུས།།

ཕེབས་འདི་བདེན་པར་གྲུབ་འདྲ།།

ང་འདི་བླུན་ན་ཆོག་པ།།

ང་ཡང་དེ་ལས་བླུན་གི།

གཟུགས་འདི་གཞི་མཐུན་མེད་ན།།

དེ་ལ་དུང་དགོས་དབེན་ནོ།།

སེམས་འདི་ཁྱོད་ལ་ཐིམ་པ།།

ཉིད་ལ་རྣམ་རྟོག་མོད་པས།།

དེ་འདྲའི་སྙིང་ལ་གཟན་པ།།

བགྲང་ན་ཁ་ཡང་ན་འདྲ།།

ནོར་ནི་ནོར་བ་རྟོགས་ཀྱང་།།

ལན་ཆགས་ཁྱོད་ལ་མཁོ་བས།།

ང་འདིས་ཨུ་ཚུག་བརྒྱབ་ནས།།

ཡང་ཡང་ཁྱོད་ལ་བསྟིམ་བཞག།

ད་ནི་དེ་འོ་སྙམ་ཡོད།།

ཁྱོད་ཀྱི་ཐག་ནག་ཞགས་པས།།

དྲིད་འདི་ཟློས་གར་ཡིན་པས།།

ངལ་ཡང་འཁྲབ་དགོས་ཡོད་འགྲོ།

ཚིག་དེས་འབག་ཞིག་གྱོན་ནས།།

ང་ཡི་སྙིང་ལ་བརྙབ་འདུག།

བྲག་འདི་ལན་གཅིག་མ་གཏོག།

བསྒོམ་ཡང་དགོས་པ་ཅི་ཡོད།།

འདི་འདྲའི་འཇིག་རྟེན་ཉོབ་པོ།།

དེ་འདྲའི་ཁ་ཡག་ཁོག་ནག།

ང་ལ་བསྐྲུན་པ་མིན་ན།།

ཆོས་རྒྱལ་ཆང་གི་བཟི་འདུག།

མདོར་ན་ཞེན་ཆགས་ལྷག་མས།།

ང་འདི་ཁྱོད་ལ་བསྟིམ་པས།།

ཁྱོད་ཀྱིས་འོས་མེད་བྱ་བས།།

རང་སེམས་རང་གིས་བསྣད་འདྲ།།

          2017-10-29-ཞོག་པར་ས་མཐའ་བས།

相关文章

网友评论

      本文标题:2017-12-01

      本文链接:https://www.haomeiwen.com/subject/gckgbxtx.html