ཕ་ཡུལ་དང་ང་། ང་དང་ཕ་ཡུལ།
ཁྱོད་ཀྱི་ཁོད་ཡངས་བའི་སྤང་གཞུང་ན
མེས་པོ་དག་གི་རྔུལ་ཆུ་ལྷག་ཡོད་ལ
ཟུངས་ཁྲག་གི་མཆོད་པའང་བཤམས་ཡོད
ཁྱོད་ཀྱི་བརྗོད་མི་ཚར་བའི་གཏམ་རྒྱུད་ཀློང་ན
ན་གཞོན་ཁྱུ་ཞིག་གི་རྨི་ལམ་དང
མངར་སྐྱུར་ཁ་གསུམ་གྱི་ལོ་རྒྱུས་རུམ་ཡོད
རེ་འགས་གླེང་ན ཁྱེད་ནི་སྤྲང་བོ་ཞིག
རེ་འགས་གླེང་ན ཁྱེད་ནི་འགོས་ནད་བྱུང་བའི་ནད་པ་ཞིག
རེ་འགས་གླེང་ན ཁྱེད་ནི་རྣམ་ཤེས་མེད་པའི་བེམ་པོ་ཞིག
གང་ལྟར་ཁྱེད་ནི་ངའི་ཕ་ཡུལ་ཏེ
ང་ནི་ཁྱེད་ཀྱི་མཁའ་དབྱིངས་དེ་རུ་འཕུར་བའི་བྱེའུ་འོ
ཆོས་མྱིང་མེད།
网友评论