རིག་པའི་གྲུ་གཟིངས།
ཧོར་རི་རྩྭ་ཐང་དུ་གངས་རྒྱན་མེ་ཏོག་བདུན་སྐྱེས། དེ་ལ་སྦྲང་མ་བཞི་ཅུ་གཉིས་འཁོར། གངས་རྒྱན་མེ་ཏོག་གི་འཛུམ་མདངས། སྦྲང་མས་སྦྲང་རྩི་ལེན་པའི་ངང་ཚུལ་དེ་ཡིད་ལ་འཁོར་འཁོར་བྱེད་སོང།
མཛེས་སྡུག་ལྡན་པའི་དུས་ཚོད་ནི་ནམ་ཡང་དེ་འདྲའི་ཐུང་བ་རེད།ལོ་གསུམ་གྱི་དུས་ཚོད་སྐད་ཅིག་ཙམ་ལ་ཡལ་སོང་།ཕྱིར་དྲན་རྫོགས་མཐའ་མེད་པ་ཞིག་ལས་ལྷག་མེད།
གཟུགས་ཡོད་ཀྱི་ཕུང་པོ་མིག་མེད་སློབ་ར་གསར་བ་ཞིག་གནས་ཡང་། གཟུགས་མེད་ཀྱི་རྣམ་ཤེས་འདས་ཟིན་པའི་གཏམ་རྒྱུད་བལྟ་བཞིན། འགྱོད་པ་ཆུང་ཞིག་སྐྱེས་ཟིན།
ཧོར་རི་མ།ཞོགས་སྐྱ་རེངས་འཆར་དུས།
སྦྲང་མའི་འཕུར་བའི་སྐད་སྒྲ་སྙན་པ།
སྦྲང་མས་གླུ་དབྱངས་པས་རོལ་དབྱངས་དེ་དྲན་བྱུང་།
མཚན་མོར།
སྔོ་སངས་ནམ་མཁའི་མཐོངས་ཀྱི་ཉ་གང་ཟླ་བ།
མཐའ་ནས་སྐར་ཚོགས་སྐོར་བའི་མཚན་མོ་དེ་མིག་ལམ་དུ་འཆར།
网友评论