美文网首页
ཁྲི་འདུ་རྫོང་སློབ་གསོ་དབུལ་སྐྱོར

ཁྲི་འདུ་རྫོང་སློབ་གསོ་དབུལ་སྐྱོར

作者: 称多教育 | 来源:发表于2017-11-14 19:42 被阅读0次

                      【2017】

    ཁྲི་འདུ་སློབ་གསོ་གོམ་སྒྲ称多教育动态(61)

    ཟླ་བཅུ་པའི་ཚེས་༢༨་ཉིན། ཁྲི་འདུ་རྫོང་སློབ་གསོ་ཅུའི་དབུ་འཛིན་དཔལ་བཀྲ་ཤིས་ཀྱིས་བཀོད་སྒྲིག་ལྟར། དབུལ་སྐྱོར་གསར་སྤེལ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཚུལ་ཁྲིམས་སེང་གེས་འགོ་འཛིན་མཛད་དེ་རྫོང་སློབ་གསོ་དབུལ་སྐྱོར་གཞི་གྲངས་ལས་སྟེགས་འཛུགས་སྐྲུན་ཆ་འཕྲིན་ཞུ་དག་ལས་དོན་བཀོད་སྒྲིག་ཚོགས་འདུ་བྱ་བའི་གྲོས་ཚོགས་བསྡུས

     ཁྲི་འདུ་རྫོང་སློབ་གསོའི་གནད་འཁེལ་དབུལ་སྐྱོར་ལག་ལེན་ཡུལ་དངོས་ལྟ་སྐུལ་གྲོས་ཚོགས་ལབ་ཞང་ལྟེ་གནས་བཅའ་སྡོད་སློབ་གྲྭ་ནས་བསྡུས་ཤིང་། རྫོང་སློབ་གསོ་དབུལ་སྐྱོར་གསར་སྤེལ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཚུལ་ཁྲིམས་སེང་གེས་ཁོང་གིས་གྲོས་ཚོགས་སྟེང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དབུལ་ཐར་མཁྲེགས་གཏོར་བྱ་བ་སྔར་ལས་བཟང་བོར་སྒྲུབ་པའི་སྐོར་གྱི་བཀོད་སྒྲིག་གསར་བ་དང་རེ་བ་གསར་བ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་གསར་སྤེལ་བྱ་བའི་སྐོར་གྱི་མཛུབ་སྟོན་དགོངས་དོན་གལ་ཆེན་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་ནས། དུས་རབས་གསར་བའི་དབུལ་ཐར་མཁྲེགས་གཏོར་བྱ་བའི་འཐབ་ཇུས་ཀྱི་གོ་གནས་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པ་དང་། དབུལ་ཐར་མཁྲེགས་གཏོར་བྱ་བའི་འགན་འཁྲི་དང་ཁག་ཁུར་ཇེ་དྲག་ཏུ་གཏོང་བ། ཉེན་ཁའི་འདུ་ཤེས་དང་གནད་དོན་ཁ་ཕྱོགས་ལ་གཙིགས་འཛིན་བྱས་ནས། སྟོབས་ཤུགས་ཡོད་རྒུས་དབུལ་ཐར་མཁྲེགས་གཏོར་བྱ་བ་བཟང་བོར་སྒྲུབ་པ་དང་། ང་ཚོས་མི་དམངས་ཡོངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་བཞག་པའི་དམ་བཅའ་དངོས་སུ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ཞེས་ནན་གྱིས་གསུངས།

    ཚུལ་ཁྲིམས་སེང་གེས་ནན་གྱིས་བསྟན་དོན། གཞི་རིམ་སློབ་གསོ་དབུལ་སྐྱོར་ལས་བྱེད་པའི་གསོ་སྦྱོང་བྱ་བར་ཤུགས་སྣོན་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དབུལ་ཐར་བྱ་བའི་སྐོར་གྱི་རེ་བ་གཙོ་བོར་བཟུང་སྟེ་སྒྲོག་འགྲེལ་དང་། དབུལ་ཐར་མཁྲེགས་གཏོར་བྱ་བའི་ལམ་ལུགས་དང་སྲིད་ཇུས་བྱེད་ཐབས་བཅས་སྒྲོག་འགྲེལ། སྤྱོད་ཚུལ་ལེགས་སྒྱུར་བྱེད་པའི་བྱེད་ཐབས་སྒྲོག་འགྲེལ་བཅས་བྱེད་དགོས། སྡེ་བར་སྡོད་པའི་རོགས་སྐྱོར་བྱ་བའི་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། བྱ་བ་ཚད་ལྡན་དུ་བཏང་སྟེ། དབུལ་སྐྱོར་བྱེད་ཤེས་པ་དང་། དབུལ་སྐྱོར་བྱེད་ཐུབ་པ། སྤྱོད་ཚུལ་བཟང་བ་བཅས་ཀྱི་དབུལ་སྐྱོར་བྱ་བའི་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས་ཟེར།

    相关文章

      网友评论

          本文标题:ཁྲི་འདུ་རྫོང་སློབ་གསོ་དབུལ་སྐྱོར

          本文链接:https://www.haomeiwen.com/subject/hqafvxtx.html