美文网首页
2017-11-26

2017-11-26

作者: daidan040414 | 来源:发表于2017-11-26 10:15 被阅读0次

        ང་ཚོ་ལ་མཁོ་བ་ག་རེ་ཡིན་ནམ།

    ཆོས་ཉིད་དམ་ལས་འབྲས་ཤིག་གིས། ང་ཚོ་མི་ཡུལ་དུ་གསོན་ཅིང་མི་ཡུལ་དུ་འཚོ་བཞིན་ཡོད། མང་པོ་ཞིག་དཀའ་སྡུག་གིས་འཚོ་བཞིན་ཡོད་ལ། མང་པོ་ཞིག་བདེ་སྐྱིད་ཀྱིས་གནས་བཞིན་ཡོད། དོན་དམ་དུ། ང་ཚོ་འཇིག་རྟེན་དུ་གསོན་ནས་མི་ལོ་མང་པོ་ཞིག་འགོར་སོང་ཡང་། ང་ཚོ་ལ་མཁོ་ངེས་པ་དེ་ཅི་ཞིག་ཡིན་པ་སུ་ཞིག་གིས་ཧ་གོ་མྱོང་།

    བྱིས་པ་ཆུང་ཆུང་ཞིག་རྩེད་ཆས་ཁོ་ནར་འཐམ་ནས་སེམས་པ་སྤྲོ་བས་ཁེངས་འདུག་ལ། ལོ་ཆུང་གཞོན་ནུ་ཞིག་མཛེས་པ་ཁོ་ནར་ཆགས་ནས་འགྲོ་སོང་གང་མང་གཏོང་གིན་འདུག

    རྒན་རྒོན་དག་ཉི་མ་དྲོ་སར་འདུས་ཏེ་མ་ཎི་ཟློ་བཞིན་ཕྲེང་བ་བགྲང་གིན་འདུག་ལ། དར་མ་དག་རླུང་དང་ཙག་ལ་བསྲེས་ཏེ་རེ་བ་ཞིག་གི་དོན་དུ་འདུར་གྱིན་འདུག

    དགེ་རྒན་ཚོར་མོས་པ་ཡོད་མེད་གང་ལྟར་ཡང་། སློབ་མ་ཚོའི་མདུན་ན་འཁྲབ་སྟོན་འདྲ་མིན་བྱེད་ཀྱིན་འདུག ད་དུང་། གཞུང་ཞབས་པ་དག་དོན་བྱ་མེད་ཚེ་ཆང་ཁང་དང་ཇ་ཁང་ནང་ན་ལབ་རྒྱག་པར་བྲེལ་གྱིན་འདུག

    དོན་དམ་དུ། དེ་དག་ཐམས་ཅད་ཅི་ཞིག་གི་ཆེད་དུ་ཡིན་ནམ། འདུར་རྒྱུག་དེ་དག་གི་གོ་རིམ་ཁྲོད། སུ་ཞིག་གིས་རང་ལ་མཁོ་གལ་ཆེ་བ་དངོས་དེ་གང་ཡིན་པར་བསམ་བློ་གཏང་མྱོང་། ཡང་སུ་ཞིག་གིས། རང་ཉིད་ལ་མཁོ་ངེས་པ་གང་དེ་ཇི་བཞིན་དུ་རྙེད་ཀྱིན་འདུག

    དོན་དམ་དུ། ང་ཚོ་ལ་མཁོ་ངེས་པ་དེ། མཛེས་སྡུག་ཡིན་ནམ། བདེ་སྐྱིད་ཡིན། ཡང་ན། མིང་གྲགས་ཡིན་ནམ། ལོངས་སྤྱོད་ཕུན་སུམ་ཚོགས་པ་ཡིན། ཡང་མིན་ན། མི་ཆོས་ཡིན་ནམ། ལྷ་ཆོས་ཡིན།

    དོན་དམ་དུ། ང་ཚོ་ལ་མཁོ་ངེས་པ་དེ་ག་རེ་ཡིན་ནམ།

                                            གཟི་ཞགས་ཀྱིས།

    相关文章

      网友评论

          本文标题:2017-11-26

          本文链接:https://www.haomeiwen.com/subject/hthkbxtx.html