བཻ་རོ་སྐད་གཉིས་སློབ་གླིང་རྒྱའི་སྐད་ཡིག་སློབ་སྟོན་ཁང་ནས།
དགུན་གནང་གི་སྐབས་སུ་ཁྱིམ་བདག་རྣམས་ཀྱིས་བྱིས་པ་དག་དང་མཉམ་ཏུ་གཤམ་གསལ་དོན་ཚན་དག་ལ་འཇུག་པར་བྱའོ།།
ཁྱིམ་བདག་ནི་སློབ་མའི་དགེ་རྒན་གཉིས་པ་ཡིན།དང་པོ། བྱིས་པ་དང་འབྲེལ་འདྲིས་མང་དུ་བྱ་ཞིང་། བྱིས་པའི་སེམས་ཁམས་རྟོགས་མཁས་པར་བྱ་ལ། བྱིས་པ་དག་སློབ་གྲྭ་ན་ཡོད་དུས་ཀྱི་དགའ་སྐྱོ་ཆགས་སྡང་དང་དྲན་ཚུལ་ལ་རྒྱུས་ཡོད་པར་བྱ་ཞིང་། བྱིས་པ་དང་མཉམ་ཏུ་དགུན་གནང་གི་འཆར་གཞི་གཏན་ལ་འབེབས་པར་མ་ཟད། ལས་བྱ་འབྲི་བའི་ཆུ་ཚོད་སྟེར་དགོས། བྱིས་པ་དང་མཉམ་ཀློག་བྱ་བའི་ལས་འགན་འགྲུབ་པར་བྱ་བ།
གཉིས་པ། བྱིས་པའི་དགུན་གནང་ལས་བྱ་དང་དཔེ་ཀློག་ལས་འགན་དུས་ལྟར་འགྲུབ་པར་སྐུལ་མ་དང་འདུག་རོགས་བྱ་ཞིང་། དཔེ་ཀློག་དང་བློ་འཛིན་ལ་ནམ་རྒྱུན་ཁྱིམ་བདག་གི་དོ་ཁུར་དང་ཆུ་ཚོད་དམ་འཛིན་བྱེད་དགོས། ཁོམ་ལོང་དང་བསྟུན་ནས་བྱིས་པ་ཁྲིད་དེ་གཉེན་དང་གྲོགས་ལ་འཚམས་འདྲི་དང་། གློག་བརྙན་ལ་བལྟ་བ། ཡུལ་སྐོར་རམ་རང་བྱུང་ཁམས་ཆེན་མོའི་གསང་བ་འཚོལ་བར་འཇུག་པ།
དགུན་གནང་སྐབས་སུ་ཁྱིམ་བདག་གི་དོ་སྣང་བྱེད་དགོས་པའི་ཁྱིམ་བདག་གི་ལས་བྱ།གསུམ། ལོ་སར་གྱི་སྐབས་སུ་ཨ་རག་བཏུང་བར་མི་བྱ་ལ། སྐད་ཆ་བཙོག་པ་ལབ་པར་མི་བྱ་ཞིང་། དྲ་ཁང་དུ་འགྲོ་བར་མི་བྱ་ལ། རོལ་རྩེད་ལ་འཇུག་པར་ཚོད་ཟིན་པར་བྱ་ཞིང་། སློབ་སྦྱོང་དང་འབྲེལ་བ་མེད་པར་ཁ་པར་སྤྱོད་པའི་ཆུ་ཚོད་སྔོན་འགོག་བྱེད་དགོས། དུས་རྒྱུན་ཀུན་སྤྱོད་ཡང་དག་དང་གུས་ལུགས་གསོ་སྐྱོང་བྱེད་དགོས། ཚད་དང་མཐུན་པའི་སྒོ་ནས་འཚོ་བ་ལ་འཇུག་པར་བྱའོ།།
བཞི། གཉེན་ཉེ་དང་རྒན་རབས་པ་ལ་ཁེངས་སྐྱུང་དང་གུས་ཞབས་ལྡན་པའི་སྒོ་ནས་ལོ་སར་རྟེན་འབྲེལ་ཞུ་ཞིང་། འབྲེལ་འདྲིས་མང་དུ་བྱ་བ་དང་། དཔེ་ཆ་མང་དུ་ཀློག་པ། དྲི་བ་མང་དུ་འདྲི་བ། ཁྱིམ་ཀྱི་ཤེས་ལྡན་པ་དང་དཔེ་ཆ་བའི་སློབ་མའི་ཤེས་ཚད་ལ་བརྟག་དཔྱད་གཏོང་དགོས། བརྡ་འཕྲིན་དོན་དང་ལྡན་པ་གཞན་ལ་སྒྲོག་པ། ངལ་གསོ་ནན་ཏན་བྱ་ཞིང་། བསླབ་དེབ་༼人教版༽དཔེ་ཀློག་མང་པོ་བྱེད་དགོས། སྦྱོད་ཚན་རེ་རེ་༼༡-༨༽་ནན་ཏན་བསྐྱར་སྦྱོང་བྱས། སྟོབས་ཤུགས་ཡུན་གྱིས་གསག་ནས 2019ལོར་སྔར་ལས་ཡར་ཐོན་ཡོང་བར་འབད་པར་བྱའོ།། ཟླ་གསུམ་པར་མགོ་ལོག་ཁུལ་རིམ་པའི་གཅིག་གྱུར་ཡིག་རྒྱུགས་ཀྱི་གྲུབ་འབྲས་ལ་ཧུར་བརྩོན་བྱེད།
ཕ་མ་ནི་བྱིས་པའི་མེ་ལོང་ཡིན།
网友评论