ཇིང་གེར་རྒྱལ་བོ
དུང•སྐྱ་རེངས།
ཁྲག་གི་བ་དན་ཕྱག་ཏུ་བསྣམས་ནས་ལང་ཚོ་མེ་དཔུང་གསེང་ནས་དར།།
ཕྱིང་གུར་ཁྲི་ཤོང་དཀར་མོའི་སྒོ་ཐད་ཁྲིམས་མདུང་དར་ཁྲ་ཕྱུག་མོ་བཙུགས།།
གནམ་གྱིས་ཡ་མིན་ས་ཡིས་འདེགས་དཀའ་ཆིན་གུ་སུ་ཧན་སོག་རྟའི་སྒྲས།།
ས་ཆེན་བཀང་ལ་འཛམ་གླིང་བཞི་བཤགས་ལོ་རྒྱུས་རིང་མོའི་དངོས་སུ་ཕབ།།
ཤར་གྱི་རྩེ་ནས་རྟ་བདུན་ཐག་འཇུས་ནུབ་ཀྱི་རྒྱ་མཚོའི་མཐའ་རུ་དཔྱངས།།
ལྷོ་ཡི་སྣེ་ནས་གངས་འཁྱག་གོམ་བགྲོད་བྱང་གི་ཚ་ཁུལ་ཞབས་ཀྱིས་བསྣན།།
ཡོ་རོབ་ཡོབ་ཀྱི་རྒྱལ་མཚན་བསྒྲེངས་ལ་ཨེ་ཤར་ཕུར་བའི་མགོ་ནས་བསྐོར།།
རྟ་གདོང་མེ་དཔུང་རྟ་ཐོག་མི་རིགས་དཔུང་བ་བཙན་པོ་གོ་ལར་མཆེད།།
མགྱོགས་མྱུར་མདའ་འགྲོས་གློག་ཞགས་འཁྲུག་རྩལ་འཐབ་ཀྱི་ཡ་ལད་ཡེ་མི་རྙེད།།
ཞི་བདེ་མཚོ་ནས་ས་དབུས་རྒྱ་མཚོར་བང་རྩལ་གཅིག་གིས་བྲིས་ཆ་བཞག།
རྒོད་པོའི་གཤོག་ཟུང་མཁའ་རུ་བརྐྱངས་པ་ཉག་ཕྲན་སྒྲོ་ཡིས་ཕྱེ་མར་བཏང་།།
མོང་གོལ་གོ་ཧྲག་མདུན་སྐྱོད་རྒོད་ལ་བྲག་དང་འགག་གི་ལམ་སྒོ་གས།།
འཛོམས་པའི་དཔའ་ནི་སྔ་ན་བྱོན་མེད་ཤར་ཕྱོགས་དགྲ་འདུལ་འཇིག་རྟེན་མགོན།།
མཛངས་པའི་བློ་ནི་ཕྱི་ནས་མི་འབྱོན་དུས་རབས་བཅུ་ཡི་རྩེ་ན་འབར།།
འཛམ་གླིང་འདོ་རིགས་རྨིག་པའི་འབྲེལ་ཞིང་ཀི་སྒྲས་ནོར་འཛིན་དབང་ལ་བཀོད།།
དཔག་དཀའི་གསང་བའི་མདུད་རྒྱ་ལོག་ཅིག་དེ་རིང་ད་རུང་མ་གྲོལ་གདའ།།
བཀའ་ཁྲིམས་བཙན་པོ་གནམ་ལ་བཅས་ནས་སྔོན་པོ་མདོག་གི་ཁ་དོག་གུས།།
མཐུན་སྒྲིལ་རི་སྤྱང་དཔའ་ལ་དམ་སྟེ་མེ་ལྕེའི་ཀློང་ནས་རེ་བཞག་བསྐྲུན།།
ས་སྒང་ཟླུམ་པོ་མལ་དུ་བཏིང་བའི་མེས་པོ་གོང་མའི་མཛད་འཕྲིན་ལ།།
རྗེས་དྲན་དྲན་དབང་མཆི་མའི་སྦངས་ནས་ང་རྒྱལ་ཏོག་ཅིག་འདི་རུ་གཏིམས།།
网友评论