美文网首页
ཞེ་སྡང་གིས་གནད་དོན་ཐག་གཅོད་འདོད་

ཞེ་སྡང་གིས་གནད་དོན་ཐག་གཅོད་འདོད་

作者: SONAM0 | 来源:发表于2020-11-10 23:50 被阅读0次
    生气是无能的表现

    ཁོང་ཁྲོ་ལངས་པ་ནི། རང་ཉིད་ནུས་མེད་ཅིག་ཡིན་པ་ལྷང་ལ་ཕུད་པ་ཡིན་ཞེས་པའི་ལེགས་བཤད་འདིས་ཁོ་བོར་བློ་སྐྱེད་ཧང་སངས་པ་ཞིག་གནངས་སོང་། དངོས་གནས་བཤད་ན་འུ་ཐུག་ཐབས་ཟད་དེ་གནད་དོན་ལེགས་བསྒྱུར་བྱེད་པའི་བྱ་ཐབས་གཞན་ཅི་ཡང་མི་རྙེད་པའི་སྐབས་ལ་འཕྲད་ན། དེ་ནས་ཕ་རོལ་བོར་འཇིགས་སྐུལ་བའི་ཕྱིར་དུ་རྫིག་མདོག་ཆེན་པོའི་ངང་ནས་ཁོང་ཁྲོའི་རྣམ་འགྱུར་སྟོན་ཁུལ་བྱ་དགོས་མོད། དོན་གྱིས་ན་སྐབས་དེར་རང་ཉིད་ནུས་མེད་ཅིག་ཡིན་པར་གསལ་བསྒྲགས་བྱས་ཚར་བའོ།། གལ་སྲིད་ལ་ཁྱོད་ལ་ནུས་པ་ཡོད་ན་གནད་དོན་ཐག་གཅོད་ལ་ཕན་པའི་ཤེས་རབ་ཀྱི་གྲོགས་དང་བཅས་པའི་ཐབས་མཆོག་གཞན་ཞིག་འཚོལ་བར་འབད་པ་ལས། བསམ་གཞིགས་ཅི་ཡང་མེད་པར་ཐད་ཀར་དུད་འགྲོའི་གཤིས་ཀ་སྟེ། ངོ་མདངས་དམར་པོར་འགྱུར་བཞིན་ཞེ་སྡང་གནམ་ལ་མི་ཤོང་བ་ཞིག་ལངས་པས་ཅི་ཞིག་ཕན། དེས་ནི་ད་དུང་རང་ཉིད་ནི་གླེན་ཞིང་ལྐུགས་པ་དུད་འགྲོའི་རིགས་ཀྱི་ཚད་གཞིའི་ངོས་ན་བསྡད་ཡོད་པ་ཡང་གསལ་བསྒྲགས་བྱས་པ་རེད། རྣམ་དཔྱོད་ལྡན་པའི་མི་ཞིག་ཡིན་ན་དང་པོར་བློ་རིག་ལ་བརྟེན་ཏེ་བྱ་བའི་ལེགས་ཉེས་འབྱེད་པ་ལས་མི་འདོད་པའི་དོན་ཞིག་དང་འཕྲད་མ་ཐག་བསམ་རྒྱུ་དྲན་རྒྱུ་ཅི་ཡང་མེད་པར་ཞེ་སྡང་གིས་ཁ་ལོ་བསྒྱུར་འགྲོ་བ་ཞིག་གང་ནས་ཡིན་ཏེ། གཏན་ནས་ཡིན་མི་སྲིད། དེ་བས་སྨྲ་ཤེས་ཤིང་དོན་གོ་བའི་མི་བུ་མཚན་ཉིད་ཚང་བ་ཞིག་བྱ་བསམ་ན། ཆེས་གལ་ཆེ་བ་དེ། ནམ་ཡིན་ཡང་ཅི་ཐུབ་གང་ཐུབ་ཀྱིས་བློ་རྒྱ་ཆེ་ཞིང་གུ་ཡངས་པོའི་ངང་ནས་རང་གི་རྣམ་དཔྱོད་ཀྱི་རྗེས་སུ་འབྲངས་བ་ལས། སེམས་ཅན་དུད་འགྲོའི་གཤིས་ཀ་སྟེ། ཞེ་སྡང་དྲག་པོའི་བྲན་གཡོག་ཏུ་ཚུད་པར་མི་བྱེད་པ་དེའོ།།

    相关文章

      网友评论

          本文标题:ཞེ་སྡང་གིས་གནད་དོན་ཐག་གཅོད་འདོད་

          本文链接:https://www.haomeiwen.com/subject/isbsbktx.html