美文网首页
2017-12-07

2017-12-07

作者: Jason尖参 | 来源:发表于2017-12-07 11:10 被阅读0次

དགེ་ཆོསvsསེང་རྡོར།

རྒྱལ་ཁམས་རིག་པས་བསྐོར་བའི་དགེ་ཆོས་ལ།།

མི་ཚེ་གཡེང་ལ་ཟད་པའི་སེང་རྡོར་གྱིས།།

རྨི་ལམ་སྒྱུ་མའི་ཞིང་ནས་འགྲན་རྒྱུ་ཟེར།།

གཙང་བོ་ཡར་ལ་བཞུར་བའི་ཉེན་ཁ་འདུག།

མདོ་རྒྱུད་ཐུགས་སུ་ཆུད་པའི་དགེ་ཆོས་ལ།།

རིག་པའི་འགྲོ་ལུགས་དབེན་པའི་སེང་རྡོར་གྱིས།།

ཁ་ཕོ་སྟོང་བ་ཞིག་གིས་འགྲན་རྒྱུ་ཟེར།།

ཉི་ཟླ་དབྱིངས་ནས་ཡལ་བའི་ཉེན་ཁ་འདུག།

སྐུ་ཚེ་རིགས་ལ་བཏང་བའི་དགེ་ཆོས་ལ།།

ཚོང་མོའི་སྐུབ་ལ་སྣོམ་པའི་སེང་རྡོར་གྱིས།།

ཐབ་ཀའི་མེ་དྲོད་རྩིབ་ནས་འགྲན་རྒྱུ་ཟེར།།

གནམ་ས་སྟེང་འོག་བསྒྱུར་བའི་ཉེན་ཁ་འདུག།

སྐད་རིགས་ཀུན་ལ་བྱང་བའི་དགེ་ཆོས་ལ།།

ཕ་ལོའི་སྐད་ངག་ཙམ་གྱི་སེང་རྡོར་གྱིས།།

རང་སྣང་བཙན་པོ་ཞིག་གིས་འགྲན་རྒྱུ་ཟེར།།

སང་ཉིན་གོ་ལ་འགུལ་བའི་ཉེན་ཁ་འདུག།

རྒྱལ་དར་ཕྱག་ཏུ་ཐོགས་པའི་དགེ་ཆོས་ལ།།

དོར་ཁ་ལག་ཏུ་བཟུང་བའི་སེང་རྡོར་གྱིས།།

གཅིན་པ་བཏང་འཕྲོ་བཅད་ནས་འགྲན་རྒྱུ་ཟེར།།

རི་བོ་རླུང་གིས་སྤུར་བའི་ཉེན་ཁ་འདུག།

རིགས་ཀྱི་ཞེན་པ་འཁྲི་སའི་དགེ་ཆོས་ལ།།

ཕྲུག་གུའི་ཨ་ཕ་ཙམ་གྱི་སེང་རྡོར་གྱིས།།

ནུབ་ཟས་ཁོག་ཏུ་ཐོན་རྗེས་འགྲན་རྒྱུ་ཟེར།།

མཚོ་མོ་མེ་རུ་འགྱུར་བའི་ཉེན་ཁ་འདུག།

ཕྱག་རྗེས་རིགས་ལ་བཞེངས་པའི་དམ་པ་སྟེ།།

སྙན་གྲགས་གཞན་ལས་འཕགས་པའི་མཁས་པ་འང་།།

རུས་པ་གསེར་དུ་གྱུར་བའི་དགེ་ཆོས་ལ།།

སེང་རྡོར་གྲིབ་མའི་ཟུར་ཁ་མ་ཁེལ་རོགས།།

ཁྱོད་ཀྱི་ལུས་ལ་ཡོད་པའི་ནོམ་པ་དེ།།

ཁྱོད་ཀྱི་སྙིང་ལ་ཉར་བའི་ཤེས་ཡོན་དེ།།

ཚིག་རྩལ་སྙན་པོ་ཞིག་གི་འོད་ཟེར་ཙམ།།

དགེ་ཆོས་དཔའ་བོའི་ཕྱག་རྗེས་གང་ནས་འགྲན།།

དགེ་ཆོས་མཁས་པ་སྤུན་ཟླ་མ་ཡིན་ཏེ།།

སེང་རྡོར་རྒན་པོ་དགྲ་བོ་མ་ཡིན་མོད།།

གནམ་དང་ས་ཡི་བར་ཐག་རིང་མོ་འདི།

ཚོར་བ་འཁྱམ་པོས་གཞན་ལ་གླེང་བ་ཡིན།།

2015/6/19 ནུབ་མོར་བྲིས།

相关文章

网友评论

      本文标题:2017-12-07

      本文链接:https://www.haomeiwen.com/subject/itkdixtx.html