美文网首页
རང་གི་སེམས་འདུན་མཐར་ཐུག

རང་གི་སེམས་འདུན་མཐར་ཐུག

作者: SONAM0 | 来源:发表于2020-11-04 19:49 被阅读0次
    འདི་ལ་རང་བྱུང་གིས་གནང་བའི་བདེ་སྐྱིད་ཟེར།

    ཉིན་གང་གི་དུས་ཚོད་ནི་སློབ་གཉེར་ལ་གཏོང་མ་ཐུབ་པར་གཞན་ལ་རོགས་རམ་ཙག་ཙིག་ཅིག་བྱས་པའི་ཁྲོད་ནས་འདས་ཚར་ཡང་བྱ་བ་ལེགས་འགྲུབ་ཡག་པོ་བྱུང་སོང་བས་དགའ་སྤྲོ་ཚད་མེད་སྐྱེས་ཡོད། གཞན་གྱི་ཆེད་དུ་བྱ་བ་ཕྲན་ཙམ་བགྱིས་པའི་འགྲུབ་ཚོར་དེས་ནི་སེམས་སུ་བདེ་སྣང་མ་འདྲ་བ་ཞིག་དྲངས་ཡོང་བས་ན་བདེ་སྐྱིད་ཀྱི་རྩ་བ་ཕན་སེམས་ཡིན་པར་བཤད་པ་དེ་ཡང་ཅུང་ཙམ་མྱོང་ཐོག་ནས་ངོ་འཕྲོད་སོང་བ་འདྲའོ།། སློབ་གཉེར་བྱས་པའི་དམིགས་ཡུལ་དང་གསོན་པའི་ཉིང་དགོས་ཀྱང་གཞན་ལ་བལྟོས་ཏེ་རིན་ཐན་ཡོད་པ་དང་དགོས་མཁོ་ཡོད་པ། ཕན་ཐོགས་ཡོད་པའི་མི་ཞིག་བྱུ་རྒྱུ་དེ་ཡིན་པས། ཅི་ནུས་ཀྱིས་གཞན་དོན་ཕྲན་ཙམ་རེ་སྒྲུབ་རྒྱུ་དེ་ཐོག་མཐའ་བར་གསུམ་ཀུན་གྱི་དམིགས་ཡུལ་མཐར་ཐུག་ཡིན་ལ། སེམས་འདུན་མཐར་ཐུག་ཡང་དེའོ།། དེ་བས་ནམ་རྒྱུན་གཞན་ལ་རོགས་འདེགས་བྱེད་པ་དེ་མི་ཚེའི་རྩ་དོན་དང་པོ་དང་སློབ་གཉེར་ནི་གཉིས་པར་བཞག་ཡོད། རྩ་བའི་ལམ་ཐིག་དེ་མ་ནོར་བའི་སྟེང་ནས་ཚེ་ཡི་འཕེན་པ་རྫོགས་སོང་ན། རང་ཉིད་ཀྱིས་ཀྱང་བསམ་པ་རྫོགས་པ་ཡིན་ནོ།། དེ་ལས་ལྷག་པའི་མི་ཚེའི་དོན་སྙིང་གཞན་ཞིག་ཀྱང་ལར་ནས་དགོས་དོན་མེད།

    相关文章

      网友评论

          本文标题:རང་གི་སེམས་འདུན་མཐར་ཐུག

          本文链接:https://www.haomeiwen.com/subject/ivfnvktx.html