དམ་བཅའ།
ཁྲག་དྲོན།
མཛེས་མ་སུ་ཞིག་གིས་མིག་མདའ་འཕང་ཡང་།།
མཛངས་མ་ཞིག་གིས་ལག་པ་བསྲིང་ཡང་།།
བཅོས་མིན་སྙིང་གཏམ་གྱི་ལྷ་དར་དཀར་བོ།།
སྙིང་སྡུག་ཁྱོད་ཉིད་ལས་གཞན་ལ་མི་འཐེན།།
ཕྱུགས་པོ་སུ་ཚང་གིས་རྫོང་བ་བྱིན་ཡང་།།
དབང་ཅན་སུ་ཞིག་གིས་གཉེན་དུ་སློང་ཡང་།།
ནང་གི་དྭངས་གཙང་གི་བརྩེ་བའི་དྲོད་ཁོལ།།
སྙིང་སྡུག་ཁྱོད་ཉིད་ལས་གཞན་ལ་མི་དབང་།།
སུ་ཞིག་ང་རང་གི་འཛུམ་ལ་ཆགས་ཀྱང་།།
ང་ཡང་སུ་ཞིག་གི་ལུས་ལ་རེག་ཡང་།།
བྱ་སྤྱོད་འདི་དག་གི་རྒྱུ་མཚན་ཙམ་གྱིས།།
ཁྱོད་རང་བརྗེད་སོང་བ་གཏན་ནས་མི་མཚོན།།
ཁྱེད་ཉིད་ང་རང་ལ་དུངས་པ་ཡོད་ན།།
ང་རང་སྔོན་མ་ནས་ཁྱེད་ལ་འཁྲེང་ཡོད།།
ང་རང་གཉིས་པོ་ཡི་བརྩེ་བའི་ཁ་དོག།
རང་རང་གཉིས་པོ་ལས་སུས་ཀྱང་མི་མཐོང་།།
网友评论