ཁུ་སིམ་གྱི་མཚན་གཞུང་འདི་ནས། །
ཆུང་མ་དང་བུ་མོ་གཉིས་ཀྱི་སྨུག་སྒྲ་དང་སྡེབས་ནས། །
ཁོ་བོས་སྙན་ངག་འཁྱར་འཁྱོར་ཞིག་གི་ལམ་ལ་ཆས། །
ཉིན་ཅིག་གི་ལས་ཀའི་དཀའ་ཚེགས་དང་འཁང་ར་སོགས་ཐམས་ཅད་རྒྱབ་ཏུ་སྐྱུར་ནས། །
མཚན་གཞུང་འདིའི་དབེན་འཇགས་ལ་ལོངས་སུ་སྤྱོད། །
མཚན་གཞུང་འདིར། །
ཁོ་བོ་ཉིད་འཇིག་རྟེན་འདི་ཡི་ཡོད་ཚད་དུ་སྣང་ལ། །
ཁོ་བོར་དབང་བའི་ཡོད་ཚད་ཀྱང་མཚན་གཞུང་གི་འཇིག་རྟེན་འདི་ཁོ་ན་ཡིན་སྲིད།།
网友评论