གདུང་རིག་སྨྱོན།
སྟོད་གངས་རི་དཀར་པོ་སྨུག་པའི་བཟུང་།།
སེང་དཀར་མོའི་སེམས་རྩ་སྐྱོ་བའི་གང་།།
སེང་རང་ང་སྐྱོ་དོན་མེད་ཀི་ར།།
དུས་འགྱུར་ལྡོག་བསམ་ན་ཡིད་རེ་སྐྱོ།།
བར་རྫ་ལོང་སྨུག་པོའི་རང་མདངས་ཉམས།།
འབྲོང་དར་མའི་སེམས་རྩ་ནད་ཀྱིས་བཟུང་།།
འབྲོང་རང་ང་ན་དོན་མེད་ཀི་ར།།
རྫ་སྨུག་པོ་བསམ་ན་སྙིང་རེ་ན།།
སྨད་གཡུ་མཚོ་སྔོན་མོ་བཙག་གིས་སྡོམ།།
ཉ་གསེར་ལོའི་གཤོག་པ་དར་ལ་འཇར།།
ཉ་རང་ང་འཇར་དོན་མེད་ཀི་ར།།
མཚོ་བཙག་གི་སྡམ་ན་ལོས་འཇར་རེ།།
网友评论