美文网首页
ཁྱིམ་མི་ཚོ་དང་ཉེ་བར་བཅར་བ།

ཁྱིམ་མི་ཚོ་དང་ཉེ་བར་བཅར་བ།

作者: SONAM0 | 来源:发表于2021-01-25 23:35 被阅读0次

    ཕྱི་དྲོར་ཕ་ཡུལ་གྱི་ཁྱིམ་མི་ཚང་མ་མཉམ་དུ་བསྡུས་ཏེ། སྐད་འཕྲིན་ཚོགས་པ་གསར་བ་ཞིག་བཙུགས་པ་ཡིན། དེའི་དགོས་ཆེད་དམ་དམིགས་ཡུལ་ནི། ནམ་རྒྱུན་སེམས་གཏམ་རེ་ཡོད་ན་འདྲ། རང་ཉིད་ཀྱི་སྐྱིད་སྡུག་ལེགས་ཉེས་ཚ་ཚང་ཅི་འདོད་དུ་བྱོ་སའི་ཕ་ཁྱིམ་གཉིས་པ་ལྟ་བུ་ཞིག་བསྐྲུན་ཆེད་ཡིན། དེ་ལྟར་ཡོང་བར་རེ་བ་ཆེན་པོ་བྱེད་བཞིན་ཡོད། རེ་བ་ཡོད་པ་ཙམ་དུ་མ་ཟད་ཅི་ཐུབ་གང་ཐུབ་ཀྱིས་ནང་མི་ཚོའི་བར་གྱི་སེམས་ཐག་ཇེ་ཉེར་བཏང་སྟེ། བརྩེ་བའི་རྨུ་ཐག་དགུང་དུ་འཐེན་རྒྱུར་འབད་ངེས་ཡིན། མཐུན་སྒྲིལ་གྱི་ལག་ལྡང་དམ་དུ་སྦྲེལ་བར་བརྩོན་ངེས་སོ།། དེ་ཡོང་བ་ལ་རང་ངོས་ནས་སྔོན་དུ་འཆར་གཞི་དང་ཐབས་ཤེས་སྣ་མང་བཙལ་དགོས་ཤིང་། རྟག་པར་ཀུན་གྱི་ཡིད་སེམས་གཅིག་ཏུ་བསྡུ་ཐུབ་པའི་ཁ་བརྡ་དོན་སྙིང་དང་ལྡན་པ་རེ་བཤད་ཐབས་བརྩོན་དགོས་པ་ཡང་སྨོས་མེད་དོ།། གཞན་མི་ཞིག་ལ་རོགས་འདེགས་རྒྱ་ཆེན་ཞིག་གནང་རྒྱུ་དེ་སུས་ཀྱང་དཀའ་མོད། ཆེས་མ་མཐའ་ཡང་རང་ཉིད་ཀྱི་ཁྱིམ་མིའི་བདེ་སྡུག་ལ་འགན་ཁུར་ཆེན་པོས། ནང་མི་ཕན་ཚུན་བར་ལ་ཅི་ནུས་ཀྱིས་བདེ་སྐྱིད་བསྐྲུན་ཐབས་དང་ཕན་པ་སྒྲུབ་ཐབས་ལ་འབད་དགོས་ཡོད། ད་བར་དུ་སློབ་གཉེར་ལ་གཞོལ་ཁུལ་བྱས་པ་དང་། དཔེ་ཀློག་གི་འཇིག་རྟེན་འགྲིམ་པའི་དམིགས་གཏད་གཅོ་བོའང་། ཕྱིར་ཡུལ་མི་ཚོར་ཕན་ཐོགས་པའི་མི་ཞིག་འཁྱོང་རྒྱུ་དང་། ཁྱིམ་མི་ཚོའི་བདེ་སྡུག་ལ་འགན་འཁུར་ཐུབ་པའི་མི་ཞིག་བྱ་ཆེད་ཡིན་སྟབས། ནམ་ཡང་མཐར་ཐུག་གི་སེམས་འདུན་དེ་ཉིད་ཡིད་ཀྱི་ཟབ་སར་ཉར་ཏེ། ཡུན་གྱིས་གོམ་པ་རེ་རེ་བཞིན་སྤོ་ངེས་སོ།།

    相关文章

      网友评论

          本文标题:ཁྱིམ་མི་ཚོ་དང་ཉེ་བར་བཅར་བ།

          本文链接:https://www.haomeiwen.com/subject/keewzktx.html