ལམ་གྱི་ལེའུ།
ཉག་ཁ་ནས་ཕྱིར་ལོག་པའི་ང་།
རྒྱང་རིང་གི་མཚམས་ཀྱི་རི་ཆུ་ལུང་གིས་བརྗིད་ལྡན་གྱི་ཉམས།
གྱ་གྱུའི་གླུ་ཡིས་མ་བསྡམས་པར་ལ་ཁའི་གླག་རྒོད་ལ་མིག་དབང་ཤོར།
རྡོག་འོག་གི་རྩྭ་ལྡུམ་རྐང་རྗེས་སུ་སླར་ཡང་གྱེན་ལ་ལངས།
གོམ་པའི་འདེགས་འཇོག་རེ་རེར་ཞེ་འཁྲེན་དང་ཕྱིར་མིག་མེད་མོད།
མདུན་ཕྱོགས་ན་རླུང་བུ་མི་བཙན་མོད།
ཨ་མའི་སྐ་རགས་རླུང་གིས་བསྐྱོད་པ་དྲན་ནས།
ཕྱིར་ལོག་སོང་།
2016,3,17
网友评论