美文网首页
མཚན་གྲོལ་རྨི་ལམ།

མཚན་གྲོལ་རྨི་ལམ།

作者: 德格尔 | 来源:发表于2017-06-21 21:52 被阅读0次
    མཚན་གྲོལ་རྨི་ལམ།

    ནམ་རྒྱུན་དྲ་ལམ་དུ།

    སུ་ཞིག་ལ་སྒུག་པ་བཞིན།

    ཡིད་ཀྱི་སྙན་ཚིག་དག་སྟ་གོན་བྱེད་བཞིན།

    ཆེས་སྙིང་དུ་སྡུག་པའི་སུ་ལ་ཐེངས་གཅིག་གྱེར་ན་བསམ།

    ཡིད་ཀྱི་བསམ་ཚུལ་དེ།

    ཟོལ་མེད་ཀྱིས་ཁྱོད་ལ་བརྗོད་པ་ནི།

    ཁོ་རང་ལྷད་མེད་དྭངས་གཙང་ཡིན་པའི་རེད།

    དད་པ་ཡོད་པའི་རྒྱུ་མཚན་མེད་པའི་ལོང་གཏམ་དཀོན།

    འདི་ནི་་་་་་

    འཇིག་རྟེན་གྱི་རྣམ་ཤེས་འཁྱམ་པོ་ཞིག

    ལས་དབང་གི་བཀོད་སྒྲིག་བཞིན་ཡོང་བ་རེད།

    ཁོ་རང་ད་དུང་དྲི་མ་མང་བོ་ཞིག་བསྒོས་མེད་ལ།

    གཞུང་དྲང་གི་འདུ་ཤེས་ཆེས་མཛེས་སྡུག་ལྡན་པ་ཞིག་ཡིན།

    མ་འོངས་བར།

    འགྱུར་ལྡོག་གི་གོམ་འགྲོས་ཇེ་ཟབ་ཡིན།

    དེ་བཞིན་མུ་མཐུད་དུ་ལྐོག་གྱུར་ལ་འགྲོགས་སྲིད།

    མཇུག་དུ་ལས་དབང་ལ་ངོ་རྒོལ་དང་བརྩེ་དུང་ལ།

    ཆེས་འགྱོད་གདུངས་ཆེ་བའི་རྨ་ཁ་ཆེན་པོ་ཞིག་བསྐྲུན་ངེས།

    相关文章

      网友评论

          本文标题:མཚན་གྲོལ་རྨི་ལམ།

          本文链接:https://www.haomeiwen.com/subject/kltxcxtx.html