དེ་རིང་། གནས་དེ་ནས།
ཆོས་མྱིང་མེད།
དེ་རིང་རི་བོ་མགོ་མེད་ཞིག་གི་སྐེད་ནས
ཐག་རིང་གི་གནམ་སའི་འདྲེས་མཚམས་ལ་ཅེར་ནས
ཡུན་རིང་ལ་བསམ་གཞུག་བཏང་མཐར
ཁྱེད་ནི་མཐའ་མེད་ཀྱི་ནམ་མཁའ་ལགས
གདོང་གནམ་ལ་གཏད་དེ་ཀི་རིང་ཞིག་བྱས
དེ་དུས་གློ་བུར་དུ་ལྡིང་ཡོང་བའི་རླུང་བུ་ཞིག་གིས
ཅི་ཡིན་འདི་ཡིན་མེད་པར་ང་རང་གཉིད་ལས་དཀྲོགས
གསལ་ལ་མི་གསལ་བའི་གནམ་གྲུ
སྔར་བཞིན་མདུན་དུ་སྐྱོད་གྱིན་འདུག
རང་སེམས་ཀྱི་གནད་ས་དེར
གསལ་བཤད་བྱེད་དཀའ་བའི་འདྲི་རྟགས་མང་པོ་ཞིག
༡༢-༩ཉིན་ཉིན་ཐོ་ཞིག་གི་ཚུལ་དུ་སྦྱར།
网友评论