ང་ཚོས་འཆོར་མི་རུང་བ་དང་ལྷོད་མི་ཉན་པ་དེ་ཐོག་མའི་དམིགས་ཡུལ་དང་ཕུགས་བསམ་དེའོ།། སྤྱིར་ན་དུས་རབས་དང་ཁོར་ཡུག་ལས་བཅོས་སྒྱུར་བྱེད་དགོས་ས་མི་ཉུང་པ་ཞིག་ཡོད་མོད། འོན་ཀྱང་གདམ་ཀ་ཟབ་མོ་དེ་མ་གྲུབ་བར་དུ་གྲིམ་ལྷོད་རྩ་བ་ནས་མངགས་མི་ཉན། འདི་ནི་ཆེས་ང་ཚོ་འཆོར་སྙོག་དང་སུན་པའི་གནས་ཤིག་གོ། ལོ་ངོ་དུས་མའི་རིང་ལ་བསླབ་སྦྱང་གི་བར་གསེབ་ནས་མཐའ་མི་ངོམ་པའི་ཡུལ་གྲུ་གསར་བ་ཞིག་རྙེད་དགོས། འོན་ཀྱང་འདི་ནི་དཀའ་སྡུག་དང་ངུལ་ཆུས་གྲུབ་པའི་འཇིག་རྟེན་ཞིག་ཅིའི་མིན་ནམ།བློ་བཟང་ཆོས་སྒྲོན། ࿐
ནམ་ཡང་བདེ་སྐྱིད་ཟེར་བ་དེ་ཕྱི་ཁོ་ན་དང་ཡུན་ཙམ་ལ་རོལ་མྱོང་བྱེད་པ་ནི་ཉ་ཁབ་རྩེ་མོའི་མངར་ཟས་ལས་མ་འདས་སོ།།
ད་དུང་འཇིག་རྟེན་ནི་རྨི་ལམ་དང་འདྲའོ།། རྨི་ལམ་ནི་སྙིང་པོ་མེད་ན་འཇིག་རྟེན་གྱི་རི་རྭ་བ་ཁང་ཁྱིམ་སོགས་དེ་དེ་བཞིན་ནོ། །
བདེ་སྐྱིད་ནི་ཡ་མ་ཟུང་དང་ཡོད་མ་ཡོད་དང་འདར་མ་འདར་མིན་པ་གཏམ་བདེ་རྣལ་མ་ཞིག་འོང་ཐབས་ལ་ང་ཆོས་ཅིས་ཀྱང་འབད་བརྩོན་ལྷོད་མེད་བྱེད་དགོས།
ངས་ཐོས་འཛིན་རྣ་ཡིས་གོ་ཚུལ་ལ། མི་སྙན་འགྱོད་གཞི་ཞིག་རྣ་ལམ་དུ་འཚེར་སོང་། འདི་ནི་བདེན་རྟགས་དང་དྲང་པོའི་རྒྱབ་ལྗོངས་མེད་རུང་། གཏམ་བཟང་བོ་མི་བདེན་ངན་པ་བདེན་ཞེས་པའི་འཐུས་སེམས་ལ་དངངས་སྐྲག་སྐྱོ་བའི་མིག་ཆུས་གཞུར་སྒྲའང་སྒྲོག་སོང་།
ཡིན་ན་སུ་ལ་བཤད། སུ་ལ་ཟེར། འོན་ཀྱང་རྫུན་གཏམ་དང་ལབ་བཤད་ཡིན་ནས་ཅི་ཤེས།
གང་ལྟར་སེམས་ལ་དངངས་ཚབ་ཆེན་པོར་འཕྱང་མོའི་གནས་ལས་བྱུང་བ་དང་ལྷན་དུ་མེ་མོ་བྱའི་ལོའི་དབོ་ཟླ་བའི་དཀར་ཕྱོགས་བཟང་བ་གསུམ་པའི་ངལ་གསོའི་བར་གསེབ་ནས་བྲིས་པའོ།།
དབུས་ལམ་ནས་བྲིས࿐
网友评论