ཞོགས་ལྗང་ལགས་ཀྱིས་ང་ཚོས་རྒན་པདྨ་ཚེ་བརྟན་གྱི་གློག་བརྙན་ཁག་ལ་རྒྱབ་སྐྱོར་ལོས་བྱེད། ཅིས་ཀྱང་བྱ་དགོས་པ་ཞིག་རེད། ཁོས་རིག་གནས་གསར་བ་ཞིག་ནང་འདྲེན་ལ་བརྩོན་བཞིན་ཡོད་པ་དང་། ན་གཞོན་གང་མང་ཞིག་ལ་སྣེ་ཁྲིད་ཀྱི་ནུས་པ་ཡང་ཐོན་ཡོད། འོན་ཀྱང་ཡོད་ཚད་ཀྱིས་སྨྱོ་ཧམ་ཆེན་པོའི་ངང་ནས། རྒན་པད་ཚེའི་གློག་བརྙན་གསར་བ་“དབུགས་ལྒང་”ཞེས་པ་དེ། མ་བལྟས་ཐུ་མེད་ཅིག་ཡིན་པ་དང་ཚད་གཞི་བླ་མེད་མཐོ་ལ། ཐ་ན་སློབ་གྲྭ་བ་ཚོས་ཀྱང་ངེས་པར་བལྟ་དགོས་པ་ལ་སོགས་ཀྱི་ཚད་བརྒལ་རང་བཞིན་ཆེ་བའི་སྐད་ཆ་ལབ་བཞིན་པ་དེ་ལ་གཏན་ནས་དགའ་བོ་མེད། དེ་ནི་འཇིགས་སུ་རུང་བའི་བྱ་སྤྱོད་ཅིག་གོ་ཞེས་པ་དེར་བདག་ཉིད་ཀྱང་ཤིན་ཏུ་འཐད། དངོས་གནས་བཤད་ན་དེ་འདྲའི་ཚད་གཞི་ལ་རྩ་བ་ཉིད་ནས་ཐོན་ཡོད་མི་སྲིད་ནའང་། ཤེས་མཁན་ཚོས་མགོ་ཁྲིད་དེ་གློག་བརྙན་དེ་ནི་ཧ་ལས་པ་ཞིག་ཡིན་མདོག་གིས་ཁྱབ་བསྒྲགས་ལ་འབད་བཞིན་པ་དེ་དོན་གྱིས་ཅི་ཞིག་མ་འགྲིག་པ་ཡིན་ནམ། མི་རིགས་རང་གི་གློག་བརྙན་ལ་རྒྱབ་སྐྱོར་བྱ་དགོས་པའི་ངོས་ནས་ཚང་མར་སྐུལ་སློང་བྱས་ན་མི་འགྲིག་པ་མེད་མོད། མ་བལྟས་ཐུ་མེད་ཀྱི་བརྩམས་ཆོས་རྩ་ཆེན་ཞིག་ཡིན་པའི་ངོས་ནས་གླེང་ཡོང་བ་དེ་ནི་ཐབས་སྐྱོ་བའི་གནས་སྟངས་རེད། འདི་ལྟར་སོང་ན་མ་འོངས་པར་མི་རིགས་ཁ་ལ་ཁྱེར་ཏེ། རང་དོན་ལྷུར་ལེན་པའི་ཚོགས་ཁག་ཅིག་མི་འབྱུང་བའི་ངེས་པ་ཡང་ག་ལ་ཡོད། དེ་བས་རྒྱ་ཆེའི་མི་མང་ལ་དངོས་ཡོད་བདེན་པར་སྨྲ་བ་ལས་ཁོང་ཚོ་ཚོང་ལས་ཀྱི་ལག་ཆ་རུ་མི་འཛིན་པའི་རེ་བ་ཡོད།
网友评论