མི་ལོ་ལྔ་དྲུག་ཙམ་གྱི་རིང་ལ་བཙལ་བཙལ་མཐར་དཔེ་དེབ་ཚི་དྲེག་ཅན་ཤོག་ལེ་ཐེད་ལ་ཉེ་བ་ཅིག་མ་གཏོགས་ལག་དུ་སོན་མ་ཐུབ ། འོན་ཀྱང་ང་ལ་ཡི་མུག་དང་བློ་ཕམ་སོགས་གང་ཡང་མེད། རྒྱུ་མཚན། རྩོམ་ཡིག་དེ་ལས་ཁོང་གི་བསམས་བློའི་ཁ་དོག་དང་། རྣམ་དཔྱོད་ཀྱི་བློ་མིག རིགས་ཞེན་གྱི་སྙིང་སྟོབས། གཟུར་གནས་ཀྱི་དཔྱད་འཇོག་སོགས་མཐོང་ཐུབ་པས་དགའ་བོ་བྱུང་སོང་། རེད་དེ། སྤྱིར་དཔེ་དེབ་ནི་རྩོམ་པ་པོའི་རྣམ་དཔྱོད་དང་ཤེས་ཡོན་གྱི་ཚད་གཞི་འཇལ་བྱེད་ཅིག་ཡིན་པ་ལས ། རྒྱུ་སྤུས་བཟང་ངན་དང་གོང་ཚོད་མཐོ་དམན་གྱི་ཚད་གཞི་འཇལ་བྱེད་ཅིག་ཁྱོན་ནས་མ་ཡིན་ནོ།།
网友评论