གཉིས་པ་ནི། (དམ་བཅའ་བརྩི་སྲུང་)གི་རྩ་དོན་ཞེས་པ་དེ་རེད། འདིའི་དོན་ནི་ང་ཚོས་བྱ་བ་གང་ཞིག་བསྒྲུབ་པར་སྔོན་དུ་དམ་བཅའ་བཞག་སྟེ། ཡིག་ཐོག་ལ་ཕབ། མི་མང་དང་གཞན་གྱི་གམ་ནས་རང་ལ་དེ་འདྲིའི་དམ་བཅའ་ཞིག་ཡོད་པ་གསལ་བསྒྲགས་བྱས་པ་ཡིན་ན། ང་ཚོས་རང་ནུས་ཅི་ལྕོགས་ཀྱིས་དམ་བཅའ་བརྩི་སྲུང་བྱེད་པར་འབད་ཡོང་བ་དེ་རེད། དམ་བཅའ་གང་ཡོད་ཡིག་ཐོག་ལ་ཕབ་པ་དང་གཞན་ལ་བསྒྲགས་པ་ཡིན་ན་དམིགས་བསལ་གྱིས་ལག་ལེན་ལ་གཞོལ་བའི་ཚད་གཞི་ཤིན་ཏུ་མཐོ་བའི་ཁྱད་པར་ཞིག་ཡོང་བཞིན་པ་དེ་ནི། གལ་སྲིད་གཞན་ལ་བསྒྲགས་ཚར་ན་རང་གིས་བཤད་ལྟར་སྒྲུབ་མ་ནུས་ཚེ་གཞན་གྱིས་རང་ལ་བཟུང་བའི་ཡིད་ཆེས་དང་རེ་བ། བརྩི་མཐོང་སོགས་ཆུང་རུ་འགྲོ་སྲིད་པས། རང་ཉིད་ཁ་བཤད་དོན་ལ་གནས་པའི་མི་བུ་ཞིག་ཡིན་པར་བདེན་དབང་བྱ་ཆེད་དུ་ཅི་ནུས་ཀྱིས་དམ་བཅའའི་དོན་ལ་འབད་པས་འཇུག་ངེས་པའི་སྣང་ཚུལ་དེ་བྱུང་བ་རེད། ཐབས་ཤེས་དེ་ནི་རང་གི་སྒེར་ངོས་ནས་སློབ་སྦྱོང་སོགས་ལེགས་པའི་ཕྱོགས་སུ་བསྐོར་ན་དེ་ལ་དགེ་མཚན་དང་རིན་ཐང་རྒྱ་ཆེན་པོ་ཡོད་མོད། ཚོང་བ་ཚོ་དང་གཞན་གཡོ་གཡོག་ཏུ་འགུག་པར་བྱང་བའི་དཔོན་ཆེན་ཚོས་ནི། རང་གི་ལས་བཟོ་བར་མི་མང་གི་མདུན་ནས་བྱ་བ་གང་ཞིག་བསྒྲུབ་པར་དམ་བཅའ་རུ་གཅུགས་ཏེ། ཁོ་ཚོའི་ལག་རྡོ་རུ་བཀོལ་བཞིན་ཡོད་པས་དེའི་རིགས་ཀྱི་བསླུ་བྲིད་ལ་གཟབ་ཤེས་དགོས་པ་རེད། དེ་ཡང་ཁྱོད་ཀྱིས་རང་གི་སྦྱིན་བདག་གིས་ཆེད་དུ་མི་མང་གི་མདུན་ནས་ལས་དོན་གང་ཞིག་བསྒྲུབ་པར་དམ་བཅའ་བཞག་པ་ན། ཁྱེད་ཀྱིས་ཀྱང་གཞན་ངོ་སྲུང་ཆེད་དང་རང་ལ་ལྟ་ཚུལ་ལེགས་པོ་འབྱུང་ཆེད་དུ་ནམ་ཡང་རང་གི་་དམ་བཅར་བློ་སེམས་དཀར་པོ་བྱ་ངེས། སྐབས་དེར་སྦྱིན་བདག་གིས་ནི་ཤེས་མེད་ཚོར་མེད་ཀྱི་ངང་ནས་ཁྱེད་ཀྱི་ཞན་ཆ་དེ་བེད་སྤྱད་ཏེ་ཁྱེད་རང་ཁོ་ཚོའི་བྱ་བའི་ལག་ཆ་རུ་བསྒྱུར་ངེས་པའོ།། དེ་བས་གནད་དོན་དེའི་རིགས་ལ་དཔྱོད་པའི་བློ་མིག་ཡོད་རྒྱུ་དེ་ཡང་མེད་མི་རུང་གི་ཆ་རྐྱེན་ནོ།།
མུ་འགོད།
网友评论