美文网首页
ཉམ་ངའི་ཁྲོད་ནས་བཤད་པའི་གཏམ།

ཉམ་ངའི་ཁྲོད་ནས་བཤད་པའི་གཏམ།

作者: 26d9f0e04041 | 来源:发表于2018-08-25 14:37 被阅读0次
    བོན་བརྒྱ་བླ་མ་མཁྱེན་ནོ།

        བོན་བརྒྱ་རིན་པོ་ཆེ།

    ན་ཚོད་དུས་ནས་ཤེས་བྱར་བློ་སྦྱོང་བས།།

    གཞོན་ནུར་སྡེ་སྣོད་ཀུན་མཁྱེན་ཤེས་རབ་ཕྱུང་།།

    གཞུང་ལུགས་དཀའ་གནད་ཚད་མར་མཁས་པར་གྲགས།།

    མཛད་པ་རྒྱ་མཚོའི་མཐའ་འདས་རབ་འབྱམས་པ།།

    ཡུལ་དབུས་གངས་རིའི་ར་བས་ཡོངས་བསྐོར་བའི།།

    དད་ལྡན་པད་ཚལ་ཐམས་ཅད་ཉམས་དགའ་བ།།

    བླ་མའི་སྙན་དབྱངས་འདབ་མ་སྒུག་མཁན་མང།།

    དད་བརྟན་བོན་རྒྱལ་བླ་མས་བདག་སྐྱོངས་ཤིག།

    བོན་བརྒྱ་བླ་མ་མཁྱེན་ནོ།

    རབ་གསལ་ཉ་གང་ལས་ཀྱང་ལྷག་བསམ་དཀར།།

    ཁུ་བྱུག་གཞོན་ནུ་ལས་ཀྱང་གདམས་ངག་འཇེབས།།

    ས་བདག་རྒྱལ་པོ་ལས་ཀྱང་དམ་འཁོར་མང་།།

    དཔལ་ལྡན་བླ་མ་དམ་པ་འགྲན་ཟླ་བྲལ།།

    ཁྱད་པར་གསང་སྔགས་ཟབ་མོའི་རྒྱུད་རྟོགས་ནས།།

    གསང་སྔགས་གཞི་དྲུག་མ་ལུས་རབ་རྫོགས་པས།།

    གསང་སྔགས་ཡང་རྩེའི་བླ་མེད་ཐེག་པར་གནས།།

    སྔགས་ལམ་མཐར་ཕྱིན་དེད་དཔོན་བོན་བརྒྱ་ཁྱེད།།

    བོན་བརྒྱ་བླ་མ་མཁྱེན་ནོ།

    དགོངས་པ་བོན་དབྱིངས་གཤེགས་ཚུལ་འདི།།

    ཆོས་ལྡན་བོད་པའི་སྐལ་བ་ཆད་པ་སྙམ།།

    བོན་འབངས་ཐམས་ཅད་མིག་ཆུའི་རྒྱུན་འཁྱོང་ཁྲོད།།

    ཉམ་ང་ཕངས་སེམས་ངང་ནས་བྲེལ་གྱིན་འདུག།

    མཁས་དབང་བོན་བརྒྱ་རིན་པོ་ཆེ་དགོངས་པ་བོན་དབྱིངས་སུ་ཐིམ་པའི་སྐད་ཆ་འདི་བདག་ལ་མཚོན་ན་ཆེས་མི་ལེགས་པ་ཞིག་དང་ཆེས་མ་དགའ་བའི་གནད་ཚུལ་ཞིག་ཏེ།རྒྱུ་མཚན་སྔར་རྩ་བའི་བླ་མ་དང་མཁས་དབང་དུ་མའི་དྲུང་ནས་བླ་མ་འདི་མཚན་ཉིད་ལྡན་སྟངས་བླ་མ་འདི་སྡེ་སྣོད་གསུམ་ལ་མཁས་ཤིང་བསླབ་པ་གསུམ་ལ་ཉམས་ལེན་འགྲན་ཟླ་མེད་པ་སོགས་ཡོད་པ་གོ་ཐོས་ཡོད་པས།  ངས་ཐེ་ཚོམ་མེད་པར་བསྟེན་པའི་འདུན་པ་མང་པ་ཐོན་མྱོང་།དེ་ཡང་དུས་སྙིགས་མ་འདིར་འདི་ལྟར་བུའི་སྐྱེས་བུ་དམ་པ་ཡོད་པ་དཀོན་པ་ཉིན་མོའི་སྐར་མ་ལྟར་ཡིན་པས་སོ། སྐལ་བ་མེད་པས་རྐྱེན་ངན་དབང་གིས་མཇལ་རྒྱུ་མ་བྱུང་། བླ་མ་ཉིད་དགུང་ལོ་མཐོན་པོ་དུས་ལ་བདག་གིས་ཡང་ཞལ་དངོས་སུ་མཇལ་ནས་གདམས་པ་དང་བསླབ་བྱ་ཉུང་བསྡུས་ཤིག་ཐོབ་ན་ཅི་མ་རུང་སྙམ་ནས་ཕྱིས་སུ་འགྲོ་འདོད་ཡོད་ཀྱང་ཁོམ་པ་དང་བདག་གནས་སའི་སྒྲིག་གཞིའི་རྐྱེན་གྱིས་མ་ཕེབས་ཐལ། དེས་ཕྱིར་སྐད་ཆ་འདིར་བདག་གིས་མ་དགའ་བ་ཡིན་ནོ།

    དབྲ་བཙུན་ན་བུན་གྱིས་ལོ༢༠༡༨ཟླ༨ཚེས་༢༥ཉིན་ལ་སྦྱར་རོ།

    相关文章

      网友评论

          本文标题:ཉམ་ངའི་ཁྲོད་ནས་བཤད་པའི་གཏམ།

          本文链接:https://www.haomeiwen.com/subject/ogcgiftx.html