美文网首页
གསུམ་བཞི་ཚང་ལ་སྤྲིངས་པ།

གསུམ་བཞི་ཚང་ལ་སྤྲིངས་པ།

作者: 巴英壳秀 | 来源:发表于2017-07-03 21:29 被阅读0次

          ཁ་སང་སློབ་ཁང་གཅིག་ན་བཟང་ཟེར་ནས་ལབ་རྒྱུ་མེད་རུང་།དེ་རིང་རང་ཁྱིམ་རེ་ན་རང་སེམས་ལྷོད་ལ་བབས་དུས་ངའི་ཁ་མིན་ཞེ་ནས་ཁྱེད་ཚོ་དང་ཁྱེད་ཚོ་དང་འགྲོགས་པའི་ཉི་མ་དེ་དག་ཡིད་ལ་འཁོར་ཡོང་། འདི་ནི་ངའི་འཆར་སྣང་གི་གྲུབ་པའི་འཚོ་བའི་སྣེ་གཞན་ཞིག་གི་ཆེས་དྭངས་ས་དང་འོད་སྣང་འཕྲོ་ས་ཡིན་ནའང་ཐང་། སྐབས་རེར་སེམས་པ་རྣམ་དག་གིས་ཁྱེད་ཅག་གི་མིང་ནས་རེ་རེ་བཞིན་འབོད་ན་འདོད་ཁུ།  རྒྱུ་མཚན་འདི་ནི་ང་རང་ཉིད་ཀྱི་རྙེད་པའི་ཚེ་ནོམ་ཞིག་ཡིན།

          ཤོག་བུའི་མེ་ཏོག་གི་འགྲུལ་བཞུད་འདི་སོང་ཚར་དུས། ད་ནི་རང་ཉིད་ལ་དབང་ཞིང་རང་ཉིད་གཅིག་པུ་འགྲོ་དགོས་པའི་འགྲུལ་བཞུད་ཀྱག་ཀྱོག་པ་དེའི་མགོ་བརྩམ་པས་འཇིག་རྟེན་འདིར་ཆེས་ཕམ་མི་ཉན་པ་ནི་མགོ་བརྩམ་ས་དེ་ཡིན་པས་མཐའ་མཇུག་གི་དགོང་འཚོགས་དེར་བཤད་པའི་རང་ལུགས་བཞི་དེ་མ་བརྗེད་པར་གྱིས་ཀྱང་ལམ་ལ་ཆས་རྒྱུ་ནི་ཕུགས་བསམ་སྟོང་བཤད་ཅིག་ལས་རང་ཉིད་ལ་ཤ་ཚ་བ་ཡིན་ནོ།

          ལར་རང་བྱུང་མཛེས་སྡུག་གི་བཀོད་པ་རྫོགས་པའི་དབྱར་ཟླའི་རྩྭ་ཐང་དུ་ལྗོངས་རྒྱུ་དང་འབྲོག་པའི་འཚོ་བ་རྒྱུས་ལོན། སྐྱེས་དངོས་རྟག་དཔྱད་བྱེད་འདོད་པའི་སློབ་གྲོགས་ཚོ་རྨ་སོག་རྩྭ་ཐང་ལ་མགྲོན་པོ་ཕེབས་པར་བསམ་པ་རྣམ་དག་གིས་དགའ་བསུ་བྱེད།

    相关文章

      网友评论

          本文标题:གསུམ་བཞི་ཚང་ལ་སྤྲིངས་པ།

          本文链接:https://www.haomeiwen.com/subject/oiizcxtx.html