美文网首页
ཞི་ལུ་ཚོས་ངོམ་གསོ་ཡོད་པའི་བྱ་བཞག

ཞི་ལུ་ཚོས་ངོམ་གསོ་ཡོད་པའི་བྱ་བཞག

作者: 玛尚卟姆 | 来源:发表于2017-03-07 11:29 被阅读0次

                 ཉི་མ་འགའ་ཡི་སྔོན་ཏེ།ཚང་མས་ལོ་གསར་ལ་ཅ་ལག་གྲ་སྒྲིག་བྱེད་བཞིན་པའི་སྐབས་ཤིག་ལ།ངས་རང་གི་ཚོང་ཁང་ན་འཚོང་བྱེད་བཞིན་ཡོད།གློ་བུར་དུ་ངའི་ཨ་ཕའི་སྲིང་མོ་ཡི་བུ་མོ་མཚོ་མོ་ཐོན་བྱུང་།མོ་ནི་ལོ་དྲུག་གསུམ་བཅོ་བརྒྱད་ཡིན་ཏེ།ངར་ལྟས་ན་ལོ་བདུན་གྱི་ཆུང་ཡང་།ཕལ་ཆེར་ཟླ་གཅིག་གི་སྔོན་ཏག་ཏག་ལ་བག་མར་སོང་བ་རེད།མོ་བག་མར་འགྲོ་དུས།ང་རང་སློབ་གྲྭའི་མངལ་གསོ་གནང་མེད་ཕྱིར།གཉེན་སྟོན་གྱི་འཛད་སྒོར་བཞུགས་མ་ཐུབ་ཀྱང་།གོ་ཚོད་ལ་བྱུ་རུའི་སྐེ་རྒྱན་དང་གསེར་གྱི་རྣ་ལོང་།དངུལ་གྱི་སྐེད་ཆབ་སོགས་ཧ་ཅང་སྟོབས་རབ་བཤད།   དེ་རིང་མོའི་གསེར་གྱི་རྣ་རྒྱན་དང་སྐེད་ཆབ་སོགས་ཅི་ཡང་བཏགས་མེད་དེ།ལས་ཀ་ལས་ན་སྟབས་བདེ་ཡིན་པའི་ཚལ་ལྭ་ཞིག་ལས་གོན་མེད་ཀྱང་།བྱུ་རུའི་སྐེ་རྒྱན་ཕྱི་ནང་ཆེ་ཆུང་གསུམ་བཏགས་འདུག་ལ།མོ་སྔར་བཞིན་བཤད་པར་དགའ་ལ་དགོད་པར་དགའ་བའི་ཁ་ཁོག་གང་ཡང་མེད་པའི་ང་ཡི་གཅེན་མོ་མཚོ་མོ་རེད།ཡིན་ནའང་མོའི་ཤ་དར་ཁྲག་དར་རྒྱས་ལ།དཀར་ལ་དམར་འདང་ཆགས་པའི་བཞིན་ནམ།ཙ་རེའི་སྨྱུག་མ་འདྲ་བའི་ལྡེམ་མྱུར་གྱི་གསེང་ན།ཁྱིམ་ཚང་ཞིག་གི་སྲི་མོ་ཡིན་པའི་ང་རྒྱལ་དང་ཁེངས་དྲེགས་མཆིས་འདུག  མོས་ང་ལ་ཚོང་བཟང་མིན་དང་སློབ་གྲྭའི་གནས་ཚུལ་དྲིས་ལ།ངས་མོ་ལ་གནས་སྒོ་ནས་དཀའ་བཞིན་ཡོད་མེད་སོགས་ཁ་བརྡ་གློད།

             ནུ་མོ་ངེད་གཉིས་ཁ་རྡ་བྱེད་བཞིན་པའི་སྐབས་ལ།ཚོང་ཁང་དུ་ངའི་ལོ་རིམ་གཅིག་གི་དམའ་ཡིན་པའི་སློབ་ཆེན་གྲོགས་མོ་ཞིག་ཐོན་བྱུང་།གྲོགས་མོ་ངེད་གཉིས་ཕན་ཚུན་ལ་འཚམ་འདྲི་རེ་བྱས་ནས་སློབ་གྲྭ་ཡར་ཚོགས་སྐབས་ཇི་ལྟར་འགྲོ་ཚུལ་སོགས་བཤད་ཞོར་ཅ་ལག་རེ་ཉོས་ཏེ་གྲོགས་མོ་བུད་སོང་།གྲོགས་མོ་སོང་ཕྱིར་དུ་མཚོ་མོས་ང་ལ་ཨ་ཅེ་ཁྱོས་དེ་ངོ་ཤེས་ནས་ཟེར་ཞོར་རྣམ་འགྱུར་མི་དགའ་ས་ཞིག་རྟོན་འདུག  ངས་ངེད་གཉིས་སློབ་གྲྭ་གཅིག་གི་ཡིན།ཅི་རེད་ཟེར་སྐབས།མོས་ང་ལ་ཁྱོས་དེ་ལ་གྲོགས་མ་སྒྲིག་རོགས།མོ་ནི་ཧ་ཅང་ཁྱི་མོ་འདྲ་བ་ཞིག་ཡིན་ཏེ།རྒྱུན་དུ་ངའི་ཁྱོ་ག་ལ་བརྙན་ལམ་ནས་ཁ་བརྡ་བྱེད་བཞིན་ཡོད།ད་ལོ་དབྱར་གསེང་གཏོང་བའི་སྐབས་སུ་ངའི་ཁྱོ་གའི་གཅེན་པོའི་ཆུང་མ་ལ་བྱིས་པ་བཙས་ཟླར་ཐོན་པས་ཕ་མའི་ཁྱིམ་ལ་མངགས་སོང་།ཡུལ་དུ་ང་དང་ངའི་ཁྱོ་ག་གཅེང་གཉིས་ཀ་ངེད་གསུམ་བསྡད་པ་ཡིན།ཉིན་ཞིག་གི་དགོང་མོ་ཁོང་གཉིས་ཀྱིས་ང་ལ་ཞུ་བ་བྱས་ཏེ་ཁྱེད་ཁྱིམ་དུ་མེད་ཁུལ་བྱས་སྡོད།ངེད་གཉིས་ཀྱིས་དེ་སྔོན་ཁ་བརྡ་བྱེད་བཞིན་ཡོད་པའི་ཞི་མོ་དོ་དགོང་ཉལ་རོགས་ལ་ཁྲིད་ཡོང་དགོས་ཟེར་བྱུང་།དེ་ནས་ང་ངེད་ཚང་ནས་སྒོ་ལ་མ་བུད་པར་མེད་ཁུལ་བྱས་ནས་བསྡད་པ་ཡིན།ངའི་ཁྱོ་ག་དང་གཅེན་པོ་གཉིས་ཀས་ཞི་མོ་དེ་གཅེན་པོ་ཚང་ལ་བསུས་ནས་མཚན་གང་བོར་མོ་ལ་ལས་རེས་བྱས་ལ།ནངས་མོ་དུས་ཚོད་ལྔ་བའི་སྟེང་།ཡང་ཞི་མོ་ཕྱིར་ཡུལ་ལ་སྐྱལ་བ་རེད་ཟེར།མཚོ་མོའི་རྣམ་འགྱུར་ན་ཞི་མོ་དེ་སྐྱ་གཏོང་ཞིག་ཡིན་པ་དང་ཁྱོ་ག་དང་གཅེན་པོ་གཉིས་ཀས་ངོམ་གསོ་ཡོད་པའི་བྱ་བ་ཞིག་སྒྲུབ་ཡོད་པའི་ཚུགས་ཀ་འདུག   ང་ཡུན་གཅིག་མཚོ་མོའི་ངོ་ལ་ཧང་སོང་།ཁྱོས་ཁྱོ་ག་ལ་མ་འགྲོ་མ་ཟེར་ནས།ཅེས་དྲིས་པར།མ་ཕོད་ཟེར་བྱུང་།

              ངའི་སེམས་ལ་ལོ་འགའ་ཡི་སྔོན་གྱི་དོན་དག་ཅིག་ཝ་ལེར་དྲན་བྱུང་།ངེད་སྡེ་བའི་ནང་གི་ཁྱོ་ག་མེད་པའི་ཁེར་འདུག་གི་བུད་མེད་ཅིག་ལ་ཡང་མྱི་ཁ་འཁོར་ཏེ།ཞི་ལུ་ཚོས་མོ་ལ་གཉིད་གཡབ་བྱས་ན་ཆོག་ནི་རེད་ཟེར་བྱུང་ལ།སྐྱེས་རྒན་གཞོན་དང་སྒོ་ཡག་གཙོག་སོགས་གང་ཡང་མེད་པར།མདོར་ན་ཕོ་ལུས་ཤིག་ཡིན་པའི་ཆོག་ནི་རེད་ཟེེར་བཞིན་ཡོད་དེ།མོ་ནི་རྒན་གཞོན་ཀུན་གྱི་ཁ་ནང་གི་ཁྱི་མོ་ཡིན།ཡིན་ནའང་།མོའི་ཉལ་རོགས་སམ་ལས་འབྲེལ་བརྒྱག་གི་ཡོད་ས་ཚང་མ་ནི་ང་ཚོའི་རུ་སྡེ་སོ་སོའི་མགོ་བ་དང་སྣང་བ་དགོང་ལ་ཟུགས་པའི་སྟག་ཤར་ཚོ་རེད།ཁོང་ཚོ་ལ་ཅིའི་ཕྱིར་མོ་ལས་ཤིག་ཡིན་པས་ཆོག་པ་རེད།

    相关文章

      网友评论

          本文标题:ཞི་ལུ་ཚོས་ངོམ་གསོ་ཡོད་པའི་བྱ་བཞག

          本文链接:https://www.haomeiwen.com/subject/ojcmgttx.html