གཟིགས་དང་།
ཁ་བ་འབབ་རྗེས་ཀྱི་ཞོགས་པ།
དེ་འདྲ་མཛེས་སྡུག་ལྡན་པ་ལ་ཨང་།
གནམ་མཁའ་ནི་སྔོ་ཞིང་དྭངས་ལ།
མཁའ་རླུང་ནི་ཨ་མའི་ནུ་ཞོ་ལྟར་ཞིམ།
རི་མཐའ་ནི་དལ་འགྲོ་མའི་ངུར་སྒྲ་སྒྲོག་ཅིང་གྱ་མ་གྱུར་འགྲོ།
ཨེ་མ།
གནམ་མཁའ་ནི་སྔོ།
མཁའ་དབུགས་ནི་དྭངས།
ཉི་འོད་ནི་དྲོ།
ཁ་བ་ནི་ཞུས།
གངས་ལྗོངས་སྤྲིན་གྱི།
འབྱུང་ཁུངས་ཞིག་ཏུ་སྣང་ངོ་།
བྱིའུ་ཆུང་དག་གིས་སྙན་པའི་གླུ་དབྱངས་ལེན་བཞིན།
བྱིས་པ་དག་གིས་དགའ་བའི་ཞབས་བྲོ་ཁྲབས།
རྟ་བདུན་དབང་པོས་འོད་ཟེར་ས་ལ་འཕྲོས་ནས།
ཆུ་འཛིན་དབང་པོ་ས་ལ་ཟགས་པ་དབྱར་མ་འཆིས་སོ།
སྨྱུག་མིང་། རིག་པའི་གྲུ་གཟིངས།
༢༠༢༡. ༡. ༢༢
网友评论