དོ་ནུབ་ང་རླུང་བུ་ཞིག་ཡིན
སྟོན་མཇུག་གི་ལོ་མ་སེར་བོའི་སྙིང་ཁ་ནས་ལྡིང་བའི་རླུང་བུ
དགུན་འགོ་མའི་དྭངས་གཙང་གི་ཁ་བ་ཡིན
རྒྱ་མཚོའི་རྦ་རླབས་ན་གཤོག་རྩལ་ངོམ་པའི་བྱ་ཁྱུ
གླག་རྒོད་ཀྱི་གཤོག་འོག་ནས་བྱུང་བའི་རླུང་བུ་དེ
དུས་ཚིགས་ཀྱི་འགྱུར་ཁུག་ཁྲོད་ཀྱི་ལྷ་གསོན་པོ་དེ་ཡིན
དྲོད་རླངས་གམ་ན་སྒྲུང་གཏམ་འབྲི་བཞིན་པའི་བུ་མོ
ཁྱེད་ཀྱི་སྨྱུག་རྩེ་ལས་བྱུང་བའི་གཏམ་རྒྱུད་དེ
ང་ཡིན་སྲིད་དམ
དོ་ནུབ་ང་རླུང་བུ་ཞིག་ཡིན
ཁུ་སིམ་མེར་གནས་པའི་རྩྭ་ཐང་གི་བདག་པོ
དོ་ནུབ་ཁྱོས་གམ་ན་ལྡིང་བའི་རླུང་བུ་དེ་ང་ཡིན
མྱིང་མེད། ༼༢༠༡༧/༡༠/༢༦༽
དབྱི་གྲོང་ནས་སྦྱར།
网友评论