ནག་ནག་མུན་པའི་ཁམས་ལ་འོད་ཅིག་ཡོད།།
ཟླ་བའི་ཞལ་སྒོ་འཛུམ་པའི་སྣང་བ་ཡིན།།
སྲིད་པའི་མེ་ཏོག་གཡོ་བའི་ལྗོན་ཚལ་དུ།།
ཁྱོད་ལ་འཁྲེང་བའི་བུང་བགྲང་ལས་འདས།།
སྐོར་རེ་སྐོར་རེ་མིག་ཟུམ་ཟུམ་གྱིས།།
ཚུར་ཚུར་གདོང་ལ་ཡོང་བའི་སྣང་བ།།
བདག་གི་རྨི་ལམ་ནང་ལ་བཏང་བ།།
ཚོད་ཚོད་བྱས་ན་ཁྲི་བརྒྱ་ཡིན་རེད།།
དུང་དུང་མཚོ་མོ་ལྷུང་ལྷུང་བཞུར་བའི་ཀློང་།།
བརྩེ་བརྩེ་གཤོག་ཟུང་འཇམ་མཉེན་ལྡེམ་ལྡེམ་འགྲོ།།
འཇིག་རྟེན་ལྟད་མོ་མིག་གི་བུ་ལོན་འཇལ།།
སེམས་ཀྱི་ཅང་སྐྱིད་ཞོན་ཞིང་ཞོན་བཞིན་སོང་།།
ནམ་ཞིག་རྫོགས་སངས་རྒྱས་པའི་སྐལ་བཟང་གི།
དགའ་སྟོན་རྟེན་འབྲེལ་བསྒྲིག་པའི་ཉིན་མོ་དེར། །
ཁྱོད་ཉིད་དབྱངས་ཅན་ལྷ་མོ་དངོས་སྤྲུལ་དགོས། །
ང་ཡི་ཕུགས་འདུན་སེམས་ཀྱི་འཁྱེར་ཕྱོགས་ཡིན། །
ཐང་ཀའི་ངོགས་སུ་རྗེ་བཙུན་སྒྲོལ་དཀར་ལྷའི། །
དགྱེས་ཞལ་ཡང་ཡང་སྟོན་ཞིང་ཡང་ཡང་སྐུང་། །
ཁྱོད་ཀྱང་དེ་ཡི་འགྲོ་ལུགས་འདྲ་མཚུངས་རེད། །
དད་པའི་ཐལ་མོ་སྦྱར་ཡོང་བྱིན་རླབས་བསྩོལ། །
ད་དུང་འཇིག་རྟེན་གཞན་ལ་ནམ་ཞིག་ཚེ། །
འགྲོ་ནི་དགོས་དགོས་མ་གཏམ་བརྗོད་མེད་དེ། །
ཁྱོད་ཀྱི་གཤོག་ཟུངས་ཡངས་གདན་སྟེང་ནས། །
བདག་ཀྱང་མཉམ་དུ་ཁུར་རོགས་ལྷ་མོ་ཀྱེ། །
སྣང་བའི་མགྲོན་པོ་ནུབ་ཁའི་ཉི་མ་ཁོང་། །
ད་ནངས་ཤར་ནས་འཛུམ་ཞིང་དོ་ནུབ་ཡིབ། །
གཟུགས་དྲུག་སྦྲང་མའི་ལུས་ཕུང་སོ་མ་ཡང་། །
སྐོར་རེ་སྐོར་རེ་མིག་ཟུམ་ཟུམ་གྱིས།།
ཚུར་ཚུར་གདོང་ལ་ཡོང་བའི་སྣང་བ།།
བདག་གི་རྨི་ལམ་ནང་ལ་བཏང་བ།།
ཚོད་ཚོད་བྱས་ན་ཁྲི་བརྒྱ་ཡིན་རེད།།
ལྷན་དུ་བསྣམ་ཞིང་མཉམ་དུ་ཁྲིད་སོང་ངོ་། །
2017-12-09
网友评论