མཐའ་ཡས་མུ་མཐའ་མེད་པའི་།
རྒྱང་རིང་རྩ་ཐང་སྟེང་ལ་།
གཡང་དཀར་ལུག་གུའི་ཁྱུ་ཚོགས་།
ཆུ་འཛིན་ས་ལ་འབབ་འདྲ་།
རྩ་ཐང་སྟེང་གི་མེ་ཏོག་།
མགོ་བའི་སྐྲ་ལས་མང་བ་།
རྩ་ཐང་སྟེང་གི་ཆུ་རྒྱུན་།
གཡུ་ཡི་གཞོང་པ་འདྲ་བྱུང་།
མཛེས་པའི་རྩ་ཐང་སྟེང་ལ་།
སྐྱིད་པའི་ཉི་མ་ཤར་སོང་།
ཐམས་ཅད་གཉིས་ལས་སད་ནས་།
གླུ་གར་རྩེད་འཇོ་རོལ་འདུག་།
网友评论