美文网首页
དོ་ནུབ་མོན་ཐུལ་གྱིས་ཁྱོད་ལ་མིག་ཆ

དོ་ནུབ་མོན་ཐུལ་གྱིས་ཁྱོད་ལ་མིག་ཆ

作者: 248fc043d85e | 来源:发表于2016-10-30 12:21 被阅读0次

    ངའི་སེམས་ཀྱི་ཟབ་ས་དང་་་་་

    སྙིང་གི་སྤྱི་གཙུག་དུ་གནས་པའི་འདབ་མ་ཡ་གཅིག

    ཁོ་བོ་ནི་ཁྱོད་ལ་དགའ་བ་དེ་ནས་བཟུང་་་་་་་་་་་

    སྙན་རྩོམ་མང་བོ་ཞིག་ཁྱོད་ལ་བྲིས་མྱོང་ལ་་་་་་་

    རུས་སྐམ་གྱི་མགོ་བོ་འདིས་ནང་ནས་ཁྱོད་ཀྱི་ཆེད་དུ་མཆི་མ་མང་བོ་ཞིག་ཀྱང་བཞུར་མྱོང་་་་་་་་་་

    ཁོ་བོ་འཇིག་རྟེན་འདིར་སྐྱེ་བ་ནི་སེམས་ནང་གི་འདབ་མ་ཡ་གཅིག་མཐོང་བ་ཁོ་ནའི་ཆེད་ཡིན་པ་འདྲ་་་་་་

    ཁོ་བོའི་སེམས་ནང་དུ་སྦེས་པའི་གསང་བ་ནི་ས་དང་གནམ་གིས་ཀྱང་མ་མཁྱེན་པའི་བརྩེ་བ་གསོན་པོ་ཞིག་རེད

    ཁོ་བོ་ནི་སྤྲོ་སྐྱིད་ཀྱིས་ཁང་བའི་མི་ཞིག་ཡིན་ལ

    ཡིན་ན་ཡང་༢༠༡༡ལོ་དེར་ཁྱོད་ངོ་ཤེས་པ་ནས་བཟུང་ཁོའི་སྤྲོ་སྐྱིད་ཀྱིས་ཁང་བའི་འཛུམ་མདངས་དེ་ཡང་སྤྲིན་ནག་གིས་སྒྲིབ་སྟེ

    ཁོ་བོའི་དམར་ལྷོག་ལྷོག་གི་སྙིང་ཆུང་དེ་ཡང་འདབ་མའི་དྲི་ཞིམ་ཁོ་ནས་གྲུབ་པའི་འཇིག་རྟེན་ཞིག་

    འཇིག་རྟེན་དེའི་ནང་དུ་ཡིད་འོང་གི་འདབ་མ་ལས་ཅི་ཡང་མེད

    ཁོ་བོའི་རྨི་ལམ་ནང་ནས་ཡང་ཁྱོད་ཀྱི་མིང་ནས་བཟུང་སྟེ་ངའི་ལག་པ་མ་གཏོང་ཞེས་མིག་ཆུ་སྟོང་བཞིན་འབོད་གི

    ཁོ་བོའི་ཁྱོད་ལ་བརྗོད་འདོད་པ་ནི་་

    ཁོ་བོ་ཁྱོད་ལ་བཅང་བའི་ལྷད་མེད་ཀྱི་བརྩེ་དུང་དེ་ཁྲི་ལོར་ཤོག

    གཤིས་རྒྱུད་འཇམ་ཤིང་མཛེས་སྡུག་ལྡན་པའི་ཁྱོད་ཉིད་ཀྱི་མི་ལོ་དེ་ཁྲི་ལོར་ཤོག

    གལ་ཏེ་ང་ཤི་སོང་ན་ང་འཛུམ་མདངས་དང་སྤྲོ་སྐྱིིད་ཀྱིས་གང་བའི་ངང་ནས་ཤི་ཆོག་ཆོག་ཡིན

    རྒྱུ་མཚན་ངའི་རླབས་ཆེ་བའི་འཇིག་རྟེན་འདི་ལ་རྒྱམ་འགར་བྱས་མེད

    ནམ་ཡང་དགའ་བ་དང་དུང་བ་བདེན་པའི་ཁྱོད་ལའང་རྒྱམ་འགར་བྱས་མེད

    དེ་བས་ང་ཤི་སོང་ན

    སང་ཕུད་ངའི་འདས་སྐར་ལ

    སྙན་ཞིང་འཇེབ་པའི་ངག་གི་སྐྱོ་དབྱངས་དང

    མེ

    ཏོག་གི་འདབ་མ་སོགས་ངའི་དུར་མདུན་ལ་འདེབས་རྒྱུ་མ་བརྗེད་་་་་་་་་

    མོན་ཐུལ་གི་ཚོར་བའི་འདབ་མ

    相关文章

      网友评论

          本文标题:དོ་ནུབ་མོན་ཐུལ་གྱིས་ཁྱོད་ལ་མིག་ཆ

          本文链接:https://www.haomeiwen.com/subject/rufuuttx.html