美文网首页
དྲི་མེད་སེམས་འཕྲིན།༣

དྲི་མེད་སེམས་འཕྲིན།༣

作者: 玛尚卟姆 | 来源:发表于2016-12-31 16:47 被阅读0次

    གྲོགས་པོ་ལགས་ཁམས་བཟང་།

             དེ་རིང་ནི༢༠༡༦ལོའི་ཆེས་མཐའ་མའི་ཉིན་མོ་རེད།ལོ་འདིའི་ནང་ལ་ངེད་གཉིས་ངོ་ཤེས་ཆགས་ཏེ།དྲྭ་གྲོགས་ནས་དགའ་རོགས་ལ་གྱུར།དགའ་རོགས་ནས་མ་འོངས་པའི་ཁྱིམ་ཚང་གླེང་མྱོང་།ཁྱེད་ཀྱིས་ང་ལ་བརྩེ་བ་ཡང་ཡིད་ཚིམ་པ་ཞིག་གནང་བྱུང་ལ།ཁྱེད་ཀྱི་རྣམ་དག་གི་རྣམ་པ་དེས་ང་ལ་བཤད་མི་ཤེས་པའི་དྲོད་ཁོལ་དྭངས་མ་ཞིག་ཀྱང་བྱིན་འདུག ཐུགས་རྗེ་ཆེ།དྲི་མེད་སེམས་གྲོགས།

               ལོ་འདི་ནི་ང་ལ་མཚོན་ན་ཆེས་བརྗེད་པར་དཀའ་བའི་མི་ཚེའི་བཞུད་ལམ་ཞིག་ཡིན་ཤས་ཆེ་འདུག  ལོ་འདིའི་ལམ་ན་གྲོགས་པོ་མང་པོ་ཞིག་གིས་ང་ལ་བསུ་མ་བརྒྱབ་འདུག སྤྱིར་བཏང་གི་གྲོགས་པོའི་ལམ་ནས། གནས་སྐབས་ཀྱི་དགའ་རོགས་ཀྱི་ལམ་ནས།མ་འོངས་ཀྱི་ཁྱོ་ཤུག་གླེང་བའི་ལམ་ནས། མདོར་ན་ལོ་འདི་ནི་ལམ་ཞིག་ཡིན་པ་དང་།ལམ་འདིའི་ནང་གི་འགྲུལ་བཞུད་པ་ནི་ང་ཡིན་ཏེ།ཁྱེད་ཚོས་ང་རང་ཁེར་རྐྱང་པ་ཞིག་ཡིན་པར་སྙིང་རྗེ་སྐྱེས་ནས།བརྩེ་དུང་ཟེར་བའི་ལེགས་སྐྱེས་ཤིག་གནང་གི་ཡོད་པ་ལྟ་བུ།ཡང་མིན་ན་ཁྱེད་ཚོས་ང་རང་སྣ་རྐྱང་གི་སློབ་མ་ཞིག་ཡིན་པ་ཚོར་ཏེ་བྲོ་བ་སྣ་ཚོགས་ལྡན་པའི་སྤྱི་ཚོགས་དང་།བརྩེ་དུང་ཟེར་བའི་སློབ་ཁྲིད་ཅིག་འཚོགས་པ་ལྟ་བུ།གང་ལྟར་ལམ་འདི་ལ་བྲོ་བ་སྐྱུར་ལ་མངར་སྟེ།སྐྱུག་ན་འདོད་ལ་འཐུང་ནའང་འདོད་བྱུང་།ཡིན་ནའང་།ཁྱེད་རང་ངའི་སེམས་ཀྱི་དྲོད་ཅིག་ཡིན་པ་ལས་ཅི་ཡང་མིན་སོང་།དགོངས་དག་ཞུ། དྲི་མེད་སེམས་གྲོགས།

                སྤྱི་ལོ ༢༠༡༧ཚེས་དུས།ངས་ངེད་གཉིས་གྲོགས་ཀྱི་དྭངས་མ་ཡིན་ན་བསམ་བྱུང་།ཁྱེད་ལ་སྐྱིད་པའི་འོད་ཟེར་འཕྲོས་ན་བསམ་བྱུང་།རང་ལ་ཅི་བསམ་ལྷུན་འགྲུབ་ཡོང་ན་བསམ་བྱུང་།ངེད་གཉིས་བར་ལ་མཛའ་བརྩེ་དྭངས་མ་འཁྱིལ་ན་བསམ་བྱུང་།ངའི་དྲི་མེད་སེམས་གྲོགས་ལགས།ཕོ་མོའི་བརྩེ་དུང་ལ་བདེ་མོ་བྱོས།དྲི་མེད་ཀྱི་གྲོགས་པོ་དག་མ་བསུའོ།།

             ༢༠༡༦/༡༢/༣༡ཉིན།

     

    相关文章

      网友评论

          本文标题:དྲི་མེད་སེམས་འཕྲིན།༣

          本文链接:https://www.haomeiwen.com/subject/rvtbvttx.html