美文网首页
སློབ་གཉེར་གྱི་འགག་ཕྲེང་།

སློབ་གཉེར་གྱི་འགག་ཕྲེང་།

作者: SONAM0 | 来源:发表于2020-10-29 23:39 被阅读0次
    དབྱིག་ཡིག་གི་རྩོམ་ཐུང་ཐོག་མ་འབྲི་བའི་འགོ་རྩོམ་དགོས།

    ད་སྐབས་རང་ཚོད་ཀྱིས་དབྱིག་ཡིག་སྦྱང་བའི་ལས་སུ་ཅི་ནུས་ཀྱིས་འབད་བཞིན་ཡོད་པས་ཡར་ཐོན་ཕྲན་ཙམ་མིག་མཐོང་ལག་ཟིན་གྱིས་འབྱུང་བཞིན་པ་ཤེས་ཡོང་། འོན་ཏེ་ཚིག་བསྒྲིག་དགོས་པའི་སྐབས་ལ་སླེབས་དུས་ཅི་བྱ་གཏོལ་བྲལ་དུ་གྱུར་འགྲོ། འགོ་གང་ནས་རྩོམ་དགོས་པ་ཡང་མི་ཤེས། དེ་ཡང་གསར་སྦྱང་ཚོར་ཐུན་མོང་ལ་མངའ་བའི་དཀའ་ངལ་ཆེ་ཤོས་དེ་ཡིན་རྒྱུ་རེད། ཡིན་ཡང་འགག་སྒོ་དེ་ནས་ངེས་པར་ཐར་ཐབས་བྱ་དགོས་པས། དཀའ་ཡང་སླ་བར་བསྒྱུར་བའི་ཐབས་སུ་མི་འབད་རང་འབད་དོ།། ལྷག་པར་དེ་རིང་དབྱིན་ཡིག་དགེ་རྒན་ལགས་ཀྱིས་བློ་ཡུལ་ལས་འདས་པའི་ལས་བྱ་ཞིག་བཞག་སོང་། དེ་ནི་དབྱིན་ཡིག་ལམ་ནས་“རང་གི་མི་ཚེ་ནང་ཆེས་བཀའ་དྲིན་ཆེ་བའི་བའི་མི”་ཞེས་པའི་ཁ་བྱང་བརྗོད་བྱར་བཟུང་སྟེ་རྩོམ་ཐུང་རེ་ཕྲིས་ནས་ཤོག་ཟེར་བ་དེ་རེད། དེ་ནི་ང་ལྟ་བུའི་དབྱིན་ཡིག་ཟེར་བའི་ཤེས་རིག་གི་འཇིག་རྟེན་གསར་བ་དེའི་ཕྱིའི་སྣོད་བཅུད་ཀྱི་རྣམ་པ་ཟུར་ཙམ་མཐོང་མ་ཐག་པའི་མི་ལ་ཞིག་ལ་མཚོན་ན་ཆེས་ཁྱག་དཀའ་བའི་ཁུར་རོ་ཞིག་གོ། དེ་ནི་རང་གི་ཤེས་ཚད་འདས་པའི་ལས་བྱ་ཞིག་གོ། དེ་ནི་ནུས་སྟོབས་ཀྱིས་མི་འདང་ཡང་བཙན་གྱིས་ཕར་འདེད་དགོས་པའི་རྡོ་ཕ་བོང་དེའོ།། དཀའ་རབས་ཁག་རབས་བཤད་ན་དེ་འདྲ་རེད་མོད། དགེ་རྒན་གྱི་བཀའ་དང་རང་ཉིད་ཀྱི་ཕུགས་བསམ་ལ་བློ་སེམས་དཀར་དགོས་པས་ཅིས་ཀྱང་མི་ནུས་བཞིན་དུ་ཚོད་ལྟའི་ལམ་ལ་ཞུགས་དགོས་སོ།། ནུས་ཤུགས་ཡོད་རྒུ་རྩལ་སྤྲུགས་བྱས་ཏེ་དབྱིག་ཡིག་གི་འགག་ཕྲེང་དོག་མོ་འདི་ནས་ངེས་པར་བརྒལ་དགོས་སོ།།

    相关文章

      网友评论

          本文标题:སློབ་གཉེར་གྱི་འགག་ཕྲེང་།

          本文链接:https://www.haomeiwen.com/subject/rxkrvktx.html