![](https://img.haomeiwen.com/i13741676/258ee71c52ef7fd4.jpg)
སྟོན་མཇུག་གི་སྡུག་གུ་མེ་ཏོག །
དགུན་གཞུང་གི་རྒྱན་དུ་རེ་ཡང་། །
དགུན་གསུམ་གྱི་གྲང་ངར་བཙན་པོས། །
བསུ་བ་ཡི་སྒོ་མོ་བསྡམས་ཟིན། །
མཚན་དགུང་གི་ཆུ་ཤེལ་དབང་པོ། །
མུན་ཁུང་གི་ཁམས་ལ་གསལ་ཡང་། །
ང་རྒྱལ་གྱི་དུག་སྤྲིན་སྟུག་པོས། །
འཆར་ངོས་གྱི་ཡོལ་སྒོ་འཐེན་ཟིན། །
མི་ཡུལ་གྱི་འཁྱམ་པོ་ང་རང་། །
གྲོང་ཁྱེར་གྱི་འདུ་འཛིར་ཞེ་ཡང་། །
ཕ་རྒན་གྱི་གོ་མིང་བླངས་ནས། །
ལང་ཚོ་ལ་རྫོགས་ཚིག་བཀོད་ཟིན། །
网友评论