སེམས་སོང་སྙིང་གི་དགའ་ལོ།།
ཁྱེད་དང་ངེད་གཉིས་བར་ན།།
རི་ཆུའི་འཕྲེད་ལམ་མེད་ཀྱང་།།
ཆུ་འདུའི་མྱི་ཚོགས་བར་ན།།
དྲན་པའི་ན་ཟུག་ལུས་ཡོད།།
ཁྱེད་དང་ངེད་གཉིས་འཇིག་རྟེན།།
ཡུལ་སྐོར་ཕར་ཡོང་ཚུར་ཡོང་།།
རྒྱུན་རོལ་ལས་མཐུན་མེད་ཀྱང་།།
བརྩེ་སེམས་དྭངས་མ་འཁྱིལ་ཡོད།
བྱམས་པ་ང་ཡི་ངག་ན།།
དུང་བརྗོད་མངར་མོ་མེད་ཀྱང་།།
དུང་བ་དར་དཀར་རིང་མོས།།
ཁྱེད་སྐྱིད་རང་འགྲུབ་བཏབ་ཡོད།།
网友评论