![](https://img.haomeiwen.com/i3795168/0674c362da42c734.jpg)
ང་ཚོ་མི་རབས་སྡར་མ་ཞིག་ཏུ་འགྱུར་བཞིན་འདུག
མཁར།
ང་ཚོ་ནི་འཚོ་བ་ལ་རེ་ཆད་བྱུང་བའི་མི་རབས་ཤིག་ཡིན།
ང་ཚོ་ནི་འགྲོ་ལམ་ཀྱག་ཀྱོག་ལ་སྐྲག་པའི་མི་རབས་ཤིག་ཡིན།
ང་ཚོ་ནི་ངག་གི་སྒོ་ཆེན་ལ་ལྕགས་ཟྭ་བརྒྱབས་པའི་མི་རབས་ཤིག་ཡིན།
ང་ཚོ་ནི་ང་ཚོ་རང་ཉིད་ཀྱང་ངོས་མི་ཟིན་པའི་མི་རབས་ཤིག་ཡིན།
མགོ་བོ་ཡར་ལ་དགྱེས་ཏེ་ཀི་རིང་འདེབས་མི་ཐུབ་པ་ང་ཚོ་ཡིན།
ལམ་གྱི་དཀྱིལ་ལ་འཆོང་ནས་མདུན་བསྐྱོད་བྱེད་མི་ཐུབ་པ་ང་ཚོ་ཡིན།
བསམ་བློའི་ཕྱིར་རྟོག་མེད་ཅིང་རང་རློམ་ཆེ་བ་དེའང་ང་ཚོ་ཡིན།
ང་ཚོ་ལ་དུས་རབས་ཀྱིས་སྤྲད་པའི་རང་དབང་གི་གཤོག་པ་མེད།
ང་ཚོ་ལ་མི་རིགས་ཀྱིས་སྐྱུར་བའི་རིག་གནས་ཀྱི་གླེགས་བམ་མེད།
ང་ཚོ་ལ་རང་གིས་བསྐྲུན་པའི་ཤེས་རབ་ཀྱི་ནམ་མཁའ་འང་མེད།
གཞན་གྱིས་ཕ་མ་སོད་ཟེར་ན"མིན"ཟེར་མི་ཕོད་པ་ང་ཚོ་རེད།
གཞན་གྱིས་ཕུགས་བསམ་གཡུག་ཟེར་ན"མིན"ཟེར་མི་ཕོད་པ་ང་ཚོ་རེད།
ང་ཚོ་ནི་མི་རབས་སྡར་མ་ཞིག་ཏུ་འགྱུར་བཞིན་པ་དེ་རེད།
ང་ཚོས་དགུན་གྱི་གྲང་ངར་གྱི་ཁྲོད་ནས"ཙག"ལོངས་སུ་སྤྱོད་དགོས།
ང་ཚོས་ནོར་ལུག་གི་ཤ་ལ་རྔམ་པའི"ཁྱི"དགྲ་རུ་འཛིན་དགོས།
ང་ཚོས་རང་ཉིད་ཀྱི་ཕྱི་ནང་གཉིས་ཀ་ངོས་གསལ་བོར་ཟིན་དགོས།
སྤྱི་ལོ༢༠༡༥ལོའི་སྤྱི་ཟླ༡༢པའི་ཚེས༡༥ཉིན་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་རོལ་མོའི་ཁང་ཆེན་ནས།
网友评论